མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-30 10:12

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས28ཉིན་གྱི་སྔ་དྲོ། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གསུང་བཤད་གནང་བ་རེད།

    བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའི་སུའུ་ཀྲེ་དང་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། པད་མ་རྣམ་རྒྱལ་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་དང་། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པའི་མཚན་ཐོ། དྲུང་ཡིག་ཆེ་མོ་བསོད་ནམས་འཕེལ་རྒྱལ་གྱིས་མིང་འདོན་བསྐོ་བཞག་གནང་བའི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེ་མོ་གཞོན་པའི་མཚན་ཐོ་བཅས་ལ་གྲོས་ཞིབ་ཀྱིས་གྲོས་འཆམ་བྱས་པ་རེད།

    མགོན་པོ་བཀྲ་ཤིས་ཀྱིས་གསུང་བཤད་གནང་སྐབས་སྐབས་གསར་པའི་སྲིད་གྲོས་འགོ་ཁྲིད་ཚོགས་པས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་ཁྲིད་སྟོན་འོག་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྐབས་བཅུ་པའི་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་དང་པོའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་ཀྱི་སྣེ་འཁྲིད་དེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ནས། ཏང་དང་མི་དམངས་ལ་བློ་ཡིད་འཚིམ་པའི་ལན་འདེབས་དགོས་ཞེས་མཛུབ་སྟོན་གནང་བ་རེད། མགོན་པོ་བཀྲ་ཤིས་ཀྱིས་སྐབས་གསར་པའི་སྲིད་གྲོས་ཀྱིས་གཤམ་གསལ་ཕྱོགས་ལྔའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་སྲིད་གྲོས་ཀྱི་འགན་ནུས་ཁག་ལག་བསྟར་ཏན་ཏིག་བྱེད་དགོས་པ་སྟེ། གཅིག་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཆབ་སྲིད་ཀྱི་ངོས་འཛིན་མཐོ་རུ་གཏོང་རྒྱུ་དང་། གཉིས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཆབ་སྲིད་ལས་ཀའི་འགན་འཁྲི་དང་ལས་འགན་གསལ་པོ་བཟོ་རྒྱུ། གསུམ་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ། བཞི་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཨུ་ཡོན། ལས་རིགས་ཁག ལས་ཁུངས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྲིད་གྲོས་ལས་དོན་ཚན་རིག་ཅན་ལ་སྐུལ་སྤེལ་བཏང་སྟེ་སྲིད་གྲོས་ཀྱི་སྤྱི་ཡོངས་ནུས་པ་མཐོ་རུ་གཏོང་རྒྱུ། ལྔ་ནས་སྤྱི་ལོ2013ལོའི་ལས་དོན་ཡག་པོ་སྒྲུབ་སྟེ་སྲིད་གྲོས་སྐབས་བཅུ་པའི་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག