ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་དོན་ཞབས་ཞུ་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ1པོའི་ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད6པའི་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོར་ཁྱོན་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་བཅས238འབྱོར་བ་དེ་དག་གི་ནང་དོན་སྲིད་ཁྲིམས་དང་ནོར་སྲིད་འཆར་གཞི། ཞིང་འབྲོག་ལས། ནགས་ལས། ཆུ་བེད་ལས་རིགས། བཟོ་ལས་དང་འགྲིམ་འགྲུལ། ཚན་རིག་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ངལ་རྩོལ་མི་དོན་སོགས་ཀྱི་རིགས་དང་འབྲེལ་བ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་ལྟ་ཞིབ་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཟླ་བ་སྒྲོལ་མས་ངོ་སྤྲོད་གནང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོར་འབྱོར་བའི་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་བཅས238ནང་སྲིད་ཁྲིམས་རིགས་ཀྱི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་བཅས6དང་། ནོར་སྲིད་འཆར་གཞིའི་རིགས46ཞིང་འབྲོག་ནགས་ལས་དང་ཆུ་བེད་རིགས51བཟོ་ལས་འགྲིམ་འགྲུལ་རིགས73ཚན་རིག་སློབ་གསོ་དང་རིག་གནས་འཕྲོད་བསྟེན་རིགས37ངལ་རྩོལ་མི་དོན་རིགས25བཅས་ཡོད་པ་རེད། གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་བཅས་དེ་དག་འབྲེལ་ཡོད་ཚན་པར་ཐག་གཅོད་བྱེད་རྒྱུར་བརྒྱུད་སྤྲོད་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་ཡག་པོ་སྒྲུབ་རྒྱུ་དེ་འཐུས་མིའི་ལས་ཀའི་གཙོ་གནད་ལ་བཞག་སྟེ། འཐུས་མི་ཚོས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་གྲོས་གཞིའི་གྲོས་འགོར་བརྩིས་ནས་འབྲེལ་ཡོད་ཚན་པར་སྒྲུབ་རྒྱུར་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད། །