མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-01-29 10:35

ཚོགས་འདུའི་ཚོགས་ར། པར་ལེན/དོན་གྲུབ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས28ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད། ཚོགས་འདུར་ཞུགས་དགོས་ངེས་ཀྱི་མི་གྲངས82ཡོད་པ་དང་དངོས་སུ་ཚོགས་ཞུགས་གནང་མཁན་མི་གྲངས79ཟིན་ཡོད་པས། ཁྲིམས་གྱི་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཚོགས་འདུའི་ཐོག་གྲོས་ཆོད་ཁག་ལ་གྲོས་ཞིབ་བྱས་ཚུལ་ཐད་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོ་ཀྲའོ་ཀྲེང་ཤུའུ་ནས་གནང་བའི་སྙན་ཞུ་གསན་པ་མ་ཟད། སྲིད་གཞུང་ལས་དོན་སྙན་སྒྲོན་དང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་སྙན་སྒྲོན། ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་སྔོན་རྩིས་ཀྱི་འཆར་གཞིའི་སྙན་སྒྲོན། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ཀྱི་གྲོས་ཆོད་འཆར་ཟིན་དང་། འོས་འགུག་མི་སྣའི་གནས་ཚུལ་སྙན་སྒྲོན་ལ་གྲོས་ཞིབ་ཀྱིས་གྲོས་འཆམ་བྱུང་བ་མ་ཟད། དེ་མིན་གྲོས་ཆོད་ཁག་ལ་གྲོས་ཞིབ་ཀྱིས་གྲོས་འཆམ་བྱུང་ནས་ཚོགས་ཆེན་ལ་བརྡས་ཐག་གཅོད་རྒྱུར་ཕུལ་བ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག