མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་སྤྱི་ཟླ1པོའི་ཚེས27ཉིན་རྒྱལ་ཁའི་ངང་གྲོལ་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-29 10:34

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་ནས་སྤྱི་ཟླ1པོའི་ཚེས27ཉིན་གྱི་ཕྱི་དྲོ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁྲེན་ཆོན་གོ་དང་བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། ཧའོ་ཕུང༌། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། ཡང་ཅིན་ཧྲན། ཅིན་ཧྲུའུ་པོ། ཇིན་དབྱི་ཀྲི། ཆེ་དགྲ་ལྷ། ཏེང་ཞའོ་ཀང༌། ནོར་བུ་དོན་གྲུབ། རྡུང་ཡུན་ཧུའུ། ལཱེང་དན་ཀེང་བཅས་ཚོགས་ཆེན་ལ་ཕེབས་ནས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད།

    ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང༌། ཀྲུང་དབྱང་རྩ་འཛུགས་པུའི་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་མཛུབ་ཁྲིད་གནང་བ་མ་ཟད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང༌། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་མཇུག་སྒྲིལ་ཤིས་ཚིག་གསུངས་པ་རེད།

    བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་དང་པད་མ་རྣམ་རྒྱལ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ལིའི་སུའུ་ཀྲི། ཅིན་ཧྲི་ཤུན། ཀའོ་ཡང༌། བསོད་ནམས་རིག་འཛིན། ངག་དབང༌། མཚམས་ཆུང༌། ང་ཕོད་འཇིགས་ཡོན་བཅས་དང་། སྲིད་གྲོས་ཀྱི་དྲུང་ཡིག་ཆེ་མོ་བསོད་ནམས་འཕེལ་རྒྱལ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང༌། སྐབས་འདིའི་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

    སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྱོན615ཡོད་པ་དང་། མཇུག་སྒྲིལ་ཚོགས་འདུའི་ཐོག་ཁྱོན་ཨུ་ཡོན546ཕེབས་ཡོད་པ་དེ་སྲིད་གྲོས་སྒྲིག་ཡིག་ཀྱི་གཏན་འབེབས་དང་མཐུན་ཡོད་པ་རེད།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་གསུང་བཤད་གནང་སྐབས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐོང་ཆེན་པོ་གནང་བ་དང་སྟོབས་དང་ལྡན་པའི་འགོ་ཁྲིད་འོག་ཚོགས་ཞུགས་ཨུ་ཡོན་དང་བློ་མཐུན་ཚང་མའི་འབད་བརྩོན་བྱས་པ་བརྒྱུད། གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་བ་དང༌། དེ་ནི་མཐུན་སྒྲིལ་དང་དམངས་གཙོ། དོན་གཉེར། ཡར་རྒྱས་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞིང་བརྗིད་ཆེའི་འཆར་འགོད་བཟོས་ཟིན་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་ཟིན་པས་ང་ཚོས་བློ་མཐུན་ཞིས་ཅིང་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྟོབས་དང་ལྡན་པའི་དབུ་ཁྲིད་འོག་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་ནས་འབྱོར་ཕྱུག་དང་ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང༌། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    ཚོགས་ཆེན་ཐོག་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་སྒྲོན་གྱི་གྲོས་ཆོད་དང༌། སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཞིབ་ཀྱིས་གྲོས་འཆམ་བྱུང་བ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག