མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་འཚམས་འདྲི་ཚོགས་ཆུང་གིས་གཞི་རིམ་དུ་འཚམས་འདྲི་གནང་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-28 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་ཉེར་ཡོད་པའི་སྐབས་སུ། བོད་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་འཚམས་འདྲི་ཚོགས་ཆུང་དང་བཅས་པ་གཞིས་རྩེ་གྲོང་ཁྱེར་ལྷན་ཤང་དུང་ལྷ་གྲོང་ཚོ་དང་རྣམ་གླིང་རྫོང་མཁར་རྩེ་ཤང་ཕོ་བྲང་སྒང་གྲོང་ཚོ། ཨེ་མ་ཤང་སྲམ་པ་གྲོང་ཚོ་བཅས་ལ་ཕེབས་ནས། ཞིང་འབྲོག་མང་ཚོགས་དང་ལྗོངས་རླུང་འཕྲིན་གློག་བརྙན་བརྙ་འཕྲིན་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

འཚམས་འདྲི་ཚོགས་པ་དང་བཅས་པ་ལས་དོན་རུ་ཁག་གི་རུ་མིའི་ཕེབས་རོགས་འོག་བཅའ་སྡོད་བྱེད་གནས་གྲོང་ཚོའི་རྒན་གྲས་གསུམ་གྱི་མི་སྣ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས། ཁོང་ཚོའི་འཚོ་བའི་གནས་ཚུལ་དང་གཟུགས་པོ་བདེ་ཐང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་རྗེས་ཁོང་ཚོར་འཚམས་འདྲིའི་དངུལ་སྤྲད་གནང་བ་མ་ཟད། རླུང་འཕྲིན་བརྙན་འཕྲིན་ལེ་ཚན་གྱི་འོད་སྡེར་སྤྲད་པ་དང༌། ཁྱོན་འཚམས་འདྲིའི་མ་དངུལ་སྒོར་བཞི་ཁྲི་བཞི་སྟོང་སྤྲད་པ་དང་རླུང་འཕྲིན་བརྙན་འཕྲིན་གྱི་འོད་སྡེར80སྤྲད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག