མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྨང་བརྟན་དམངས་ཕན་བྱེད་སྒོའི་ཞིང་འཕྲུལ་དམངས་ཕྱུག་ལས་གཞིར་ཞལ་འདེབས་རྒྱག་པའི་མཛད་སྒོ་ལྷ་སར་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-28 10:38

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཚེས25ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ལྷ་སར་རྨང་བརྟན་དམངས་ཕན་བྱེད་སྒོའི་ཞིང་འཕྲུལ་དམངས་ཕྱུག་ལས་གཞིར་ཞལ་འདེབས་རྒྱག་པའི་མཛད་སྒོ་འཚོགས་ནས། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་དང་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཤང་གི་མང་ཚོགས་ལ་ཞིང་སྤྱོད་འཕྲུལ་ཆས་ཁག་གཅིག་ཞལ་འདེབས་བརྒྱབ་པ་རེད།

    ཐེངས་འདིའི་ཞལ་འདེབས་བརྒྱབ་པའི་ཞིང་སྤྱོད་འཕྲུལ་ཆས་ནང་ཀྲུང་གོའི་འཕྲུལ་ཆས་ཚོགས་པ་དང་ཀྲུང་གོའི་འདྲུད་འཐེན་འཕྲུལ་འཁོར་ཚོགས་པ་དང་པོ་སོགས་ཁེ་ལས་ཀྱིས་བོད་རང་སྐྱོང་ལྗོངས་ལ་ཞལ་འདེབས་བརྒྱབ་པའི་ཤར་ཕྱོགས་དམར་རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར31དང་། ཀྲུང་གོ་མཉམ་འབྲེལ་ལས་གཞི་ཀུང་སིས་ཞལ་འདེབས་རྒྱབ་པའི་བརྔ་བསྡུ་འཕྲུལ་འཁོར་གཅིག་ལ་སྤྱིའི་རིན་ཐང་སྒོར་ཁྲི་ཚོ60ལྷག་ཙམ་གནས་ཀྱི་ཡོད།

    གཞན་ཡང་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ད་དུང་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་རྒྱབ་སྐྱོར་བྱེད་རྒྱུ་མཐུན་སྦྱོར་བྱས་ཏེ། ཞལ་འདེབས་རྒྱག་ཡུལ་མང་ཚོགས་ལ་སོན་འདེབས་འཕྲུལ་འཁོར་དང་བརྔ་བསྡུ་འཕྲུལ་འཁོར། འབྲུ་འདོན་འཕྲུལ་འཁོར། འབྲུ་ཕྱར་འཕྲུལ་འཁོར་སོགས་སྒོར་ཁྲི་ཚོ34ཙམ་གྱི་ཞིང་འཕྲུལ་སྒྲིག་བཀོད་ཆ་ཚང་སྤྲད་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག