མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-28 10:29

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིང་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ནང་གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པ་བཏོན་ཡོད་པ་དེར། ད་ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།

    གསར་འགོད་པས་འཐུས་མི་དང་ཨུ་ཡོན་ཚོའི་ཞལ་ལག་མཆོད་སའི་ཟ་ཁང་ནང་བརྙན་འཕྲིན་ཐོག་ནས་ལྟོ་ཆས་འཕྲོ་བརླག་གཏོང་མི་རུང་བའི་སྐོར་གྱི་ལེ་ཚན་སྟོན་བཞིན་ཡོད་པ་དང༌། འཐུས་མི་དང་ཨུ་ཡོན་ཚོས་ཞལ་ལག་མཆོད་བཞིན་དུ་འབྲུ་རིགས་འཕྲོ་བརླག་ཐད་ཀྱི་གནད་དོན་གླེང་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིང་ཕིང་གིས་བཏོན་གནང་བའི་གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་སྐོར་གླེང་སྐབས། ནག་ཆུའི་འཐུས་མི་ཚོགས་པའི་འཐུས་མི་ཝང་ཤོན་ཀྲུང་གིས་ད་རེས་ཀྱི་ཚོགས་འདུའི་ཐོག་ལྷག་པར་དུ་གྲོན་ཆུང་བསྲི་ཚགས་བྱེད་པའི་རྣམ་པ་མྱོང་ཚོར་ཟབ་མོ་བྱུང་ཞེས་དང༌། ཚོགས་འདུའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འཐུས་མི་ཚོའི་རང་འདོད་ཞལ་ལག་སྣེ་ཁ་འཛོམས་པོ་ཡོད་པ་དང་ཚོགས་འདུའི་ཡིག་ཆ་ཉུང་དུ་བཏང་ཡོད་ན་ཡང་མི་དམངས་ཀྱི་བསམ་འདུན་མངོན་ཡོད་པའི་མྱོང་ཚོར་བྱུང་ཞེས་གསུངས་པ་རེད།

    སྲིད་གྲོས་ཨུ་ཡོན་ང་ཕོད་འཇིགས་ཡོན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་ད་ལོའི་ཚོགས་འདུ་གཉིས་ཐོག་དངོས་དོན་སྒྲུབ་པའི་རྣམ་པ་གསར་པ་ཞིག་མངོན་པ་དང༌། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གྲོས་ཀྱིས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་གྲོན་ཆུང་བསྲི་ཚགས་བྱས་ནས་རྒྱས་སྤྲོས་ཆུད་ཟོས་བྱེད་མི་རུར་བ་དང༌། ང་ཚོ་སྲིད་གྲོས་ཨུ་ཡོན་ཚོས་ཀྱང་དམངས་གཙོའི་ལྟ་སྐུལ་གྱི་འགན་འཁྲི་དང་འོས་འགན་འཁུར་ནས་སླད་ཕྱིན་གྱི་ལས་དོན་ནང་གཏན་འབེབས་དོན་ཚན་བརྒྱད་དང་བསྲུང་བྱ་དོན་ཚན་བཅུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཀྱི་རེད་ཅེས་གསུངས་པ་རེད།

    སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པར་འགོ་ཁྲིད་ལས་བྱེད་པ་ནི་འགག་རྩ་ཡིན་པ་དང༌། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕག་སྐྱག་གིས་གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས་ང་ཚོས་རང་དཔེ་གཞན་སྟོན་གྱིས་མང་ཚོགས་ཁྲོད་གཟུགས་བརྙན་བཟང་པོ་གཏོད་དགོས་པ་མ་ཟད། མང་ཚོགས་ལ་གྲོན་ཆུང་བསྲི་ཚགས་བྱེད་དགོས་པའི་སློབ་གསོ་གཏོང་དགོས་ཀྱི་རེད་ཅེས་གསུངས་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག