མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱིས་དགོན་པའི་གྲྭ་བཙུན་ལ་འབྲེལ་བའི་སྐོར་གྱི་གྲོས་གཞི་བཏོན་པ་དེ་ཐག་གཅོད་བྱས་པ།

རྩོམ་པ་པོ། ཚེ་རིང་སྒྲོལ་མ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:08

1.jpg

བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་རྣམ་པས་བོད་རང་སྐྱོང་ལྗོངས་སྲིད་གྲོས་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ1པོའི་ཚེས22ཉིན་ཚོགས་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཤེས་པའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་བའི་གྲོས་ཚོགས་ཀྱི་ཨུ་ཡོན་རྣམས་ཀྱིས་བཏོན་པའི་དགོན་པར་གློག་འཐེན་པ་དང་། ལམ་ལས་པ། གྲྭ་བཙུན་རྣམས་སྤྱི་ཚོགས་འགན་སྲུང་ནང་ཞུགས་པའི་གྲོས་གཞི་དེ་ཕལ་ཆེར་ཐག་གཅོད་བྱས་དང་བྱེད་བཞིན་པའི་སྒང་ཡིན་ཟེར།

    ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཨུ་ཡོན་རྣམས་ཀྱིས་བཏོན་པའི་དགོན་པར་ཆུ་འཐེན་པ་དང་། གློག་འཐེན་པ། རྒྱང་སྒྲོག་ལ་ཉན་ཐུབ་པ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བཏང་ནས། བོད་ལྗོངས་ཀྱི་དགོན་པ་བརྒྱ་ཆའི་བདུན་ཅུར་གཞུང་ལམ་ཡོད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

    ན་ནིང་གི་སྤྱི་ཟླ3པར་སེ་ར་དགོན་པའི་ལོ་དྲུག་ཅུ་ཡན་ལ་བསླེབས་པའི་གྲྭ་བ་སུམ་ཅུ་སོ་བདུན་གྱིས་ཆེས་ཐོག་མར་རྨང་གཞིའི་རྒན་གསོ་མ་དངུལ་ལེན་ཐུབ་པ་བྱུང་བ་དང་། རྗེས་ཕྱོགས་བོད་ལྗོངས་ཀྱི་གྲྭ་བ་ཚང་མ་སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁོངས་སུ་འཇོག་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག