མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་ཕོ་བྲང་པོ་ཏ་ལ་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་ནང་བཅུག་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  2013-01-26 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་2012ལོར་བོད་ཀྱི་ཡུལ་སྐོར་ཁུལ་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད་པ་དང་། ཕོ་བྲང་པོ་ཏ་ལ་རྒྱལ་ཁབ་ཀྱི་ A5རིམ་པའི་མཛེས་ལྗོངས་ཁུལ་ནང་ཚུད་ནས། བོད་དུ་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་མེད་པའི་རྣམ་པ་འགག་གཏོར་ཐུབ་ཡོད་པ་རེད། ངོ་སྤྲོད་བྱུང་བར་གཞིགས་ན། སྤྱི་ལོ་2012ལོར་བོད་ཀྱིས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཕོ་བྲང་པོ་ཏ་ལ་དེ་ཉིད་བོད་ཀྱི་རྒྱལ་ཁབ་ཀྱི་ A5རིམ་པའི་མཛེས་ལྗོངས་ཁུལ་དང་པོར་གྱུར་ཡོད་པ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་25མང་དུ་ཕྱིན་ནས། ཁྱོན་མཛེས་ལྗོངས་ཁུལ་70ཡོད་པ་རེད། ཡར་རླུང་གཙང་པོའི་གྲོག་རོང་ཆེན་པོ་དང་། ཇོ་མོ་གླང་མ། གནམ་མཚོ་བཅས་ལ་རྒྱལ་ཁབ་སྤྱི་གླིང་སྒོ་བྱང་བཀལ་ཡོད། སྐར་མ་རིམ་པའི་མགྲོན་ཁང་34མང་དུ་ཕྱིན་ནས། ཁྱོན་སྐར་མ་རིམ་པའི་མགྲོན་ཁང་211ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག