མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱིས་ཆ་འཕྲིན་ཅན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-24 11:38

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས21ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ཕྱོགས་བསྡོམས་བྱས་པ་དང་གོམ་སྟབས་རྗེས་མའི་ཆ་འཕྲིན་ཅན་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བོད་རང་སྐྱོང་ལྗོངས་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་པད་མ་འཕྲིན་ལས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ཚན་པས་སླད་ཕྱིན་ཀྱི་ལས་ཀའི་ནང་གོང་འཕེལ་ལ་འདེགས་སྐྱོར་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་གྱི་ཆ་འཕྲིན་ཅན་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་བ་དང་དམངས་འཚོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས། སྤྱི་ཚོགས་ཆ་འཕྲིན་ཅན་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ། འགན་ནུས་བསྒྱུར་ཏེ་གློག་རྡུལ་སྲིད་དོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ། ནུས་པ་ཆེ་རུ་བཏང་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་པ་མ་ཟད། རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་སྒྲིག་གཞིའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྩེར་སོན་ཇུས་འགོད་བྱེད་པ་དང་སྔོན་ཐོན་ལག་རྩལ་དང་རྐང་འཛིན་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། དྲིལ་བསྒྲགས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་གཅིག་གྱུར་ལྟ་རྟོག་ཐུབ་པ་བཅས་བྱས་ཏེ། ལས་དོན་ཁག་དོན་འཁྱོལ་ཡོང་བ་དང་ཆ་འཕྲིན་ཅན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག