མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-24 11:38

 

ཞིང་ལས་ལས་རིགས་ཀྱི་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུའི་ནང་ཞིང་འབྲོག་མང་ཚོགས་ཀྱི་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་གཏམ་བཤད་སྤེལ་བཞིན་པ། པར་ལེན/དོན་གྲུབ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས22ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ལས་རིགས་ཁག་གི་ཚོགས་ཆུང་གིས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སྒྲོན་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁྲེན་ཆོན་གོ་དང་བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། ཧའོ་ཕོང་། བློ་བཟང་རྒྱལ་ཚན། ཝུའུ་དབྱིང་ཅེ། ཡང་ཅིང་ཧྲན། མགོན་པོ་བཀྲ་ཤིས། ཇིང་དབྱིས་ཀྲེ། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ནོར་བུ་དོན་གྲུབ། རྡུང་ཡུན་ཧུའུ། ལཱེང་ཐེང་ཀན་སོགས་ཁག་སོ་སོར་ལས་རིགས་ཁག་གི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་མ་ཟད་གྲོས་བསྡུར་ནང་ཞུགས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་དང་པད་མ་རྣམ་རྒྱལ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ལིས་སུའུ་ཀྲི་བཅས་ཁག་སོ་སོར་ལས་རིགས་ཁག་གི་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།

    ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཨུ་ཡོན་ཚོས་དོན་དངོས་དང་ཟུང་འབྲེལ་དང་། གང་བསམ་ལྷུག་གླེང་གིས་སྤྲོ་སེམས་འཁོལ་བའི་གྲོས་བསྡུར་གནང་ནས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས། ལོ་ལྔའི་རིང་གནང་བའི་ཕན་འབྲས་ལྡན་པའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཨུ་ཡོན་ཚོས་ལོ་ལྔའི་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་ཀ་དང་དམ་པོར་བསྟུན་ནས། རྒྱལ་དོན་ལ་སེམས་འཁུར་བྱེད་པ་དང་དམངས་ལ་བརྩེ་སེམས་བཅངས་བ། ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ། ཐབས་དང་ཇུས་ཧུར་ཐག་འདོན་པ་བཅས་བྱས་ཏེ་ལོ་ལྔ་ཚན་བཅུ་གཅིག་པའི་ལས་འགན་ཁག་ལེགས་སྒྲུབ་ཡོང་བ་བྱེད་པ་དང་། ལོ་ལྔ་ཚན་བཅུ་གཉིས་པའི་འགོ་ཡག་པོ་འཛུགས་ཐུབ་པ་བྱེད་རྒྱུར་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཨུ་ཡོན་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བརྗིད་ཆེའི་དཔེ་རིས་གསར་པ་བཀོད་ཡོད་པ་དང་། ལྗོངས་ཏང་ཨུད་ཀྱི་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་ཀར་གལ་ཆེའི་བཀོད་སྒྲིག་གནང་ཡོད། སླད་ཕྱིན་གྱི་ལོ་ལྔའི་ནང་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླིང་བཅས་ལག་བསྟར་ནན་ཏན་བྱས་ནས་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ། འཐབ་དང་ཇུས་འདོན་པ། སྤྱི་ཡོངས་ལ་ཞབས་ཞུ་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རང་ལྗོངས་སྲིད་གྲོས་ཀྱི་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཀུང་ཕུ་ཀོང་། མོང་བདེ་ལིད། བདེ་སྐྱིད། ཏེང་ཡས་ཤན། ལེང་ཏཱ་མིང་། ཀའོ་ཡུན་ཞང་། ཅིང་ཧྲེ་ཤུན། ཀའོ་ཡང་སོགས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁག་སོ་སོར་ལས་རིགས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་མ་ཟད་བསམ་འཆར་ཡང་གསན་གནང་བ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག