མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

༼ཟུར་བྲིས།༽བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་གལ་ཆེའི་འགན་ནུས་ཤིག་ཡིན།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-01-24 11:38

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་གལ་ཆེའི་འགན་ནུས་ཀྱི་གྲས་ཤིག་ཡིན། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་འགོ་ཚུགས་ཚོགས་འདུའི་ཐོག  སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སྐུ་གཞོན་མགོན་པོ་བཀྲ་ཤིས་ནས་གནང་བའི་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་། མ་འོངས་ལོ་ལྔའི་ནང་མི་དམངས་སྲིད་གྲོས་ཀྱིས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོབ་བྱེད་རྒྱུ་དེ་མི་དམངས་སྲིད་གྲོས་ལས་དོན་གྱི་འགོ་འཛུགས་ས་དང་གནད་ལ་བབ་ས་ཡིན་པས། དམངས་ཕྱུག་བོད་དར་གྱི་ཐབས་ཇུས་དང་ཞིབ་ཕྲའི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་འཁུར་ཆེ་ཤོས་བྱེད་པ་དང་ཐད་ཀར་འབྲེལ་བ་ལྡན་པ། ཁེ་ཕན་དང་འབྲེལ་བ་ཆེ་ཤོས་ཀྱི་གནད་དོན་བཅས་ལ་དམ་འཛིན་བྱས་ཏེ། བདེ་སྡོད་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། སྐྱེ་ཁམས་སྲུང་སྐྱོང་གི་གནས་སྤོས་ལས་དོན་ཡག་པ་སྤེལ་རྒྱུ། ལས་ཞུགས་རྒྱ་ཆེར་གཏོད་རྒྱུ། ཟོག་གོང་ལ་ཚོད་འཛིན་བྱེད་རྒྱུ། སྨན་བཅོས་འགན་སྲུང་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་བྱེད་རྒྱུ། དབུལ་སྐྱོར་གསར་སྤེལ་བྱེད་རྒྱུ། སློབ་གསོ་འཕེལ་རྒྱས་གཏོང་རྒྱུ། གནོད་འཚེ་ཕོག་ཤུགས་ཉུང་དུ་གཏོང་རྒྱུ། རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུ་སོགས་ཀྱི་ཐད་ཐབས་ཇུས་དང་ནུས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག