མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ཁང་གསར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་དཀའ་ངལ་སེལ་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-23 10:13

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ཁང་གསར་གྲོང་ཚོར་ལོ་མང་རིང་གློག་མེད་པའི་རྐྱེན་གྱིས་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། བོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ཁང་གསར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། མགྱོགས་མྱུར་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་དང་གྲོས་བསྡུར་བྱས་ནས། གྲོང་ཚོ་དེར་ཆུ་ཤུགས་གློག་ཁང་ཆུང་གྲས་ཞིག་སྐྲུན་རྒྱུའི་གྲོས་ཐག་བཅད་པ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་པ་མ་ཟད་གྲོང་མི་སྒྲིག་འཛུགས་ཀྱིས་འོས་འགན་ངལ་རྩོལ་བྱེད་བཅུག་ནས། ཆུ་ཡུར་གཙང་བཤངས་དང་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར། ཆུ་འདྲེན་ལྕགས་མདོང་སྒྲིག་སྦྱོར། ཆུ་རྫིང་ཉམས་བཟོ་སོགས་བྱས་པ་རེད།

    མ་དངུལ་སྒོར་ཁྲི་ཚོ14བཏང་བའི་ཁང་གསར་གྲོང་ཚོའི་ཆུ་ཤུགས་གློག་ཁང་ཆུང་གྲས་ནས་གློག་གཏོང་ཚོད་ལྟ་བྱེད་བཞིན་ཡོད་པ་དང༌། དེང་སྐབས་ལས་དོན་རུ་ཁག་གིས་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ། གློག་སྐུད་ཐག་གཅོད་བྱས་རྗེས་ཁང་གསར་གྲོང་ཚོའི་དུད་ཚང་ཚང་མས་གློག་བེད་སྤྱོད་ཐུབ་རྒྱུ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག