མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱིས་ད་ལོའི་ཡུལ་སྐོར་ལས་དོན་གྱི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་བཏོན་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-23 10:13

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས21ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚོགས་ཏེ་སྤྱི་ལོ2012ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ལ་ཕྱོགས་བསྡོམ་བྱས་པ་དང་ད་ལོའི་ཡུལ་སྐོར་ལས་དོན་གྱི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་བཏོན་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡད་ཤན་ལྷ་སའི་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2012ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་ཐད་འགག་སྒྲོལ་གསར་པ་བྱུང་བ་སྟེ་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ1058ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར1265ཟིན་པ་དང༌། ཡུལ་སྐོར་རྣམ་གྲངས་ཐད་གྲུབ་འབྲས་གསར་པ་ཐོབ་ཅིང་མ་དངུལ་སྒོར་དུང་ཕྱུར1.7ལྷག་ཙམ་ཟིན་པའི་ལོ་ལྔ་ཚན་བཅུ་གཉིས་པའི་ཡུལ་སྐོར་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག26ལེགས་སྒྲུབ་ཟིན་ཡོད་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག