མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པས་འགན་འཁྲི་གཙང་སྒྲུབ་ཀྱིས་ལོ་ལྔའི་གྲུབ་འབྲས་གཏོད་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-23 10:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོའི་ལྔའི་རིང་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་དང་དམ་པོར་བསྟུན་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཡག་པོ་སྒྲུབ་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཡོད་པ་རེད།

ལོ་ལྔའི་རིང་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས། ཨུ་ཡོན་སྒྲིག་འཛུགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་དང་འགྲིམ་འགྲུལ་ནུས་ཁུངས། སྐྱེ་ཁམས་སྲུང་སྐྱོང་སོགས་གཙོ་གནད་རྣམ་གྲངས་དང་དམ་པོར་བསྟུན་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། བོད་སྨན་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱིས་བྱ་གཞག་གཏོད་ནས་འབབ་འཕར་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་གྲོས་གཞི་ཁག་དྲུག་བརྒྱ་ལྷག་ཙམ་བཏོན་པར་འབྲེལ་ཡོད་ཚན་པས་གཉེར་སྒྲུབ་ནན་ཏན་བྱས་པ་བརྒྱུད། གྲོས་གཞི་དང་གྲོས་འགོ་བརྒྱ་ཆ85དང་ལེན་བྱས་པའི་ནང་གྲོས་འགོ་མི་ཉུང་བ་ཞིག་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ནང་བཅུག་ཡོད་པ་དང་། ཁག་ཅིག་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད།

སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཇམ་དབྱངས་ཀྱིས། རང་ལྗོངས་ཀྱི་ཆུ་གློག་ཐོན་ཁུངས་གསར་སྤེལ་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཀྱི་གྲོས་གཞི་མང་པོར་རང་སྐྱོང་ལྗོངས་སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་ཚན་པས་མཐོང་ཆེན་པོ་གནང་བ་དང་། རང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ནང་གློག་ཤུགས་འཛུགས་སྐྲུན་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར1420དོན་འཁྱོལ་བྱུང་ཟིན་ནས། ཆུ་ཤུགས་གློག་ཁང་གི་རྣམ་གྲངས་འབོར་ཆེན་ལས་འགོ་བཙུགས་ཟིན་པ་དང་ཡང་ན་ལས་འགོ་འཛུགས་གྲབས་ཡོད་པ་མ་ཟད། རང་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་གོང་འཕེལ་ཐད་ལ་ཨུ་ཡོན་ཚོས་བཏོན་པའི་གྲོས་འགོ་བརྒྱ་ཆ96དོན་འཁྱོལ་བྱུང་ཡོད་ཅེས་གསུངས་པ་རེད།

ལོ་ལྔའི་རིང་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས། རྟོགས་ཞིབ་བརྟག་ཞིབ་ལས་དོན་ཚོགས་ཆུང62སྒྲིག་འཛུགས་བྱས་ཏེ་རྟོགས་ཞིབ་དང་བརྟག་ཞིབ་སྙན་ཞུ86ཕུལ་བ་དང་གྲོས་འགོ1100ལྷག་ཙམ་བཏོན་པ། མཐའ་མའི་གྲོས་གཞི་ཁག1764གོང་འབུལ་ཞུས་པ་བཅས་བྱས་ཡོད་པ་རེད། སྤྱི་ལོ2012ལོའི་ཟླ་བ10པའི་ཟླ་མཇུག་བར། གྲོས་གཞི1764ཞིབ་བཤེར་གཉེར་སྒྲུབ་ཟིན་ཡོད་པ་རེད། སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་དེ། འགན་ནུས་སྒྲུབ་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་རྩེས་ཏེ། སྲིད་གྲོས་ཨུ་ཡོན་གྱི་འབྲེལ་བ་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་སློབ་གྲྭ་དང་སྡེ་ཁུལ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་སོགས་ལ་ལས་དོན་སྤེལ་བས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་མ་གཏོང་རྒྱུའི་ཐད་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་ཀྱིས། ལོ་ལྔའི་རིང་སྲིད་གྲོས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྤེལ་སྟངས་དེ་བས་སྟབས་བསྟུན་དང་། ལས་ཀའི་གཙོ་གནད་དེ་བས་མངོན་གསལ་དོད་པ། དམངས་གཙོ་མཐུན་སྒྲིལ་གྱི་བརྗོད་དོན་དེ་བས་མངོན་གསལ་དོད་པ། འགན་ནུས་སྒྲུབ་པའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་བཅས་བྱུང་ཡོད་པ་དང་། ཤེས་ལྡན་པ་མང་བ་དང་རིགས་སྟོབས་ཕུན་སུམ་ཚོགས་པ། ཐབས་ལམ་ཡངས་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བརྗོད་དོན་དེར་དམ་པོར་བསྟུན་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ། ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་སྲིད་གྲོས་ཀྱི་གལ་ཆེའི་ཆབ་སྲིད་ལས་འགན་དང་། ལོ་རྒྱུས་ཀྱི་འགན་འཁྲིར་རྩིས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་ནས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་ཡོད་ཅེས་གསུངས་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག