མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་ཆབ་མདོ་ས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་ལྷ་སར་འབྱོར་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-22 11:13

 

ཆབ་མདོ་ས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་ཚོགས་པ་ལྷ་ས་གུང་དཀར་གནམ་ཐང་དུ་འབྱོར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས20ཉིན་གྱི་ཉིན་གུང་། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་པའི་མི་དམངས་ཐུས་མི་ཚོགས་ཆེན་ཀྱི་ཚོགས་འདུ་ཐེངས་དང་པོ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཆབ་མདོ་ས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་ལྷ་སར་འབྱོར་བ་དང་། དེ་ནི་ལྷ་སར་འབྱོར་མཁན་ས་ཁུལ་གྱི་འཐུས་མི་ཚོགས་པ་ཐོག་མ་དེ་རེད།

ཆབ་མདོ་ས་ཁུལ་དཔལ་འབར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀུན་དགའ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཚོགས་འདུར་ཞུགས་ཐེངས་དང་པོ་ཡིན་པས། ཁོང་གིས་སེམས་འགུལ་ཐེབས་བཞིན་པའི་ངང་ཚོགས་འདུ་གཉིས་ནི་ལྗོངས་ཡོངས་ཀྱི་ཆབ་སྲིད་ནང་གི་དོན་ཆེན་ཞིག་ཡིན་པ་དང་། ཚོགས་འདུ་གཉིས་ལ་ཞུགས་རྒྱུ་བྱུང་བ་དེ་གཟི་བརྗིད་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ཚོགས་འདུའི་ཐོག་ང་ཚོས་གྲོས་བསྡུར་བྱེད་སྐབས་ཚོགས་འདུའི་བཀོད་སྒྲིག་ལ་ནན་པོ་གཞིགས་པ་དང་སྦྲགས། དཔལ་འབར་རྫོང་གི་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་ངས་ད་རེས་གྲོས་བསྡུར་བྱེད་པ་དང་། གྲོས་གཞི་འདོན་སྐབས་འབྲེལ་ཡོད་གཞུང་ལམ་ཐད་ཀྱི་གནས་ཚུལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱངས་ཅན་ཆོས་སྒྲོན་སྐབས་གོང་མའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུར་ཞུགས་མྱོང་ཡོད་པ་དང་། ཁོང་གིས་ད་ལོའི་ཚོགས་འདུ་གཉིས་སྐོང་འཚོག་བྱེད་པར་གལ་ཆེའི་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་གནང་བ་རེད། ཁོང་གིས་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཟིན་པ་དང་། སྐབས་བརྒྱད་པའི་ཚོགས་འདུ་ཐེངས་གསུམ་པ་ཡང་སྐོང་འཚོགས་བྱས་ཟིན་པས། ང་ཚོར་ད་རེས་ཀྱི་ཚོགས་འདུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་མྱོང་ཚོར་འདུག གལ་སྲིད་ང་ཚོས་དོན་གཉེར་གྱི་གྲོས་འགོ་མང་ཙམ་བཏོན་ཚེ་ཆབ་མདོའི་གོམ་སྟབས་རྗེས་མའི་གོང་འཕེལ་དང་། ལྗོངས་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅིང་ང་ཚོས་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག