མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་རི་སྐྱེས་སྲོག་ཆགས་ཀྱི་རིགས་རྒྱུད་སྔར་ལས་ཇེ་མང་དུ་འཕར་བཞིན་ཡོད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2012-06-13 10:04


ཟླ6པའི་ཚེས9ཉིན། རི་དྭགས་རྐྱང་ཁྱུ་ཞིག་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཁོངས་ཀྱི་མཚེའུ་འགྲམ་དུ་རྩྭ་ཆུར་བསྙེགས་བཞིན་པ།

 


ཟླ6པའི་ཚེས9ཉིན། དགོ་ཁྱུ་ཞིག་གིས་མངའ་རིས་ས་ཁུལ་དུ་གཟན་རྩྭ་ཟ་བཞིན་པ།

 


ཟླ6པའི་ཚེས9ཉིན། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གིས་ཤོག་རྩལ་མངོམ་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཆོ་ངོས་ལས་ཆ་སྙོམས་སུ་སྨི4500ཡན་ལ་ཡོད་པའི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ནི“འཛམ་གླིང་གི་ཡང་རྩེ ”ཞེས་སུ་ཀུན་ལ་གྲགས་ཡོད། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་ཁོར་ཡུག་ནི་རི་སྐྱེས་སྲོག་ཆགས་རྣམས་ཀྱི་རྩེད་འཇོ་རོལ་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་ཀྱིས་རི་དྭགས་རྐྱང་དང་། འབྲོང་། གཙོད་སོགས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་ཐད་ཤུགས་བསྣན་ཏེ། ཆེད་དུ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། མངའ་རིས་ས་ཁུལ་ཡོངས་ལ་ཁྱབ་ཡོད། ད་ལྟ་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་རྒྱུད་སྔར་ལས་ཇེ་མང་དུ་སོང་ཡོད་པས། ད་ལྟའི་མངའ་རིས་མཐོ་སྒང་ནི་རི་སྐྱེས་སྲོག་ཆགས་རྩེད་འཇོ་རོལ་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད།  །