ཁྲོ་ཆུ་རྫོང་ས་སྟོད་ཡུལ་ཚོ་ཞང་ཞུང་གྲོང་ཚོའི་བོད་གྲོང་དང་ཁ་དོག་རྣམ་པར་བཀྲ་བའི་ནགས་ཚལ།
སྦྲེ།
བོད་རིགས་བུ་མོ།
མའོ་རྫོང་ནན་ཞིན་གྲོང་རྡལ་ཨན་ཞང་གྲོང་ཚོའི་གྲོང་མིས་ཀུ་ཤུ་བཏོག་བཞིན་པ།
དོམ་ཁྲ།
ངང་དཀར་ཆེན་མོ་མཛོད་དགེ་རྩྭ་ཐང་བརླན་སར་རྩེད་འཇོར་རོལ་པ།
སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཏེ་ཁྲེང་ཏུའུ་ནས་ཧོང་ལུང་བར་གྱི་ལམ་དུམ།
ཆུ་ཆེན་རྫོང་མཁར་ས་ཡུལ་ཚོ་སན་ཀུན་ཙི་གྲོང་ཚོའི་གྲོང་མི་ཚོས་ལུག་མིག་མེ་ཏོག་བཏོག་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནས་འདི་རུ་སྐྱེས་སྟབས་ཀྱི་གསོན་ཤུགས་ལྡན་ཞིང་ལྗང་མདོག་གནས་འདི་ནས་རབ་ཏུ་བཞད་ཡོད། གཟི་ཚྭ་སྡེ་དགུ་དང་ཧོང་ལུང་། མཛོད་དགེའི་བརླན་ས། བཱོ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། སྐུ་བླ་བཞི་བདག འདའ་དགུ་འཁྱགས་རོམ་བཅས་གྲངས་ཀྱིས་མི་ལོན་པའི་རྔམ་བརྗིད་ལྡན་པའི་མཛེས་ལྗོངས་མང་པོ་འདུས་ཡོད།
ཚེ་སྲོག་འདི་ནས་འཚར་ལོངས་འབྱུང་བ། རྔ་བ་ནི་མིང་གྲགས་ཅན་གྱི“སྐྱེ་དངོས་གཞི་རྒྱུ་མཛོད”དང“རང་བྱུང་སྨན་མཛོད”ཡིན་ལ། གནས་འདི་རུ་སྒལ་རུས་ཅན་གྱི་སྲོག་ཆགས་རིགས553གྱིས་དུས་རབས་ནས་དུས་རབས་བར་རིགས་རྒྱུད་སྤེལ་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས76དང་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས1500འདི་རུ་འཚོ་སྡོད་བྱེད་པ་མ་ཟད། རི་སྐྱེས་ཀྲུང་ལུགས་རྩྭ་སྨན་རིགས1900འདི་ནས་རྩ་བ་རྒྱས་ནས་སྐྱེས་བཞིན་ཡོད། འདི་རུ་དོམ་ཁྲ་མ་གཏོགས་པར་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་གཙུག་དམར། གསའ་སོགས་ཀྱི“ངོ་མཚར་སྲོག་ཆགས”འཚོ་སྡོད་བྱས་ཡོད།
སྲོག་ཆགས་ཡོད་ཚད་རང་བྱུང་མཛེས་ལྗོངས་དང་མཉམ་འདྲེས་མཉམ་སྐྱེས་ཀྱིས་རང་གི་མཛེས་བ་མངོན་ཞིང་མཉམ་དུ་གནས་པ་རེད།
འདི་ནི་ཁ་དོག་རྣམ་པར་བཀྲ་བའི་ས་གཞི་ཞིག་ཡིན། རྒྱལ་ཡོངས་ཀྱི་བོད་རིགས་ཆའང་རིགས་ཁུལ་གཅིག་པུ་ཡིན་པའི་ཆ་ནས། སྤྱི་ལེ་གྲུ་བཞི་མ་ཁྲི8.42ཟིན་པའི་ས་གཞི་འདི་སྟེང་དུ་བོད་རིགས་དང་ཆའང་རིགས། ཧུའེ་རིགས། རྒྱ་རིགས་སོགས་ཀྱི་མི་རིགས་སོ་སོ་ཁྲི90འཚོ་སྡོད་བྱས་ཡོད་ལ། ཁོང་ཚོ་ཕན་ཚུན་མཉམ་འདྲེས་ཀྱིས་མཉམ་གྱིས་གོང་འཕེལ་འགྲོ་བཞིན་ཡོད། ལོ་ངོ་སྟོང་ཕྲག་གི་རིང་ལ་རང་རྒྱུད་དང་ཐུན་མོང་གི་རང་བཞིན་རྒྱུན་ཆད་མེད་པར་མཉམ་སྦྱོར་བྱུང་ནས་རང་རང་ལ་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཆགས་ཤིང་། དུས་ཡུན་རིང་པོས་ཉམས་མྱོང་ཁྲོད་ནམ་ཡང་གསོན་ཤུགས་རྒྱས་པ་རེད།
ལོ་ངོ70རིང་ལ་གངས་རི་དང་རྩྭ་ཐང་། བོད་གྲོང་ཆའང་གྲོང་བཅས་རྔ་བའི་ས་གཞི་ཆེན་མོ་ལ་གནམ་ས་བླ་འོག་བརྗེ་པའི་འགྱུར་ལྡོག་བྱུང་བ་དང་། ད་ལྟ་མཛེས་སྡུག་ལྡན་པ་ནི་ཡུལ་ལྗོངས་ཡིན་པ་མ་ཟད། ད་དུང་མི་རིགས་སོ་སོའི་འཛུམ་གྱིས་ཁེངས་བའི་ངོ་གདོང་ཡིན། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
དོམ་ཁྲའི་ཁྱིམ་གཞིས། དག་ཞིང་རྔ་བ།