ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དང་དོན་འཁྱོལ་མཐར་ཕྱིན་སྒོས། ཞིང་ཨུ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བླང་བྱ་ལྟར། ཡུལ་གྲོང་ཟུང་འབྲེལ་གྱིས་འཕེལ་བ་རྒྱུན་འཁྱོངས་སྒོས། ཚན་རྩལ་གྱིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་རྣམ་པ་གསར་བ་ལེགས་པར་བསྐྲུན་ཆེད། ཟླ3པའི་ཚེས10ཉིན། མཛོད་དགེ་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྫོང་ཁྲིམས་འཛིན་ཅུས་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས། མཛོད་དགེ་བོད་ཡིག་སློབ་འབྲིང་དུ་ཚན་རྩལ་གསར་གཏོད་ཀྱི་ཁྲོད་སྟོན་ལ་བརྟེན་ནས་ཡུལ་གྲོང་ཟུང་འབྲེལ་གྱིས་འཕེལ་རྒྱས་གཏོང་བ་ཞེས་པའི་དཔྱིད་ཀའི་ཚན་རིག་ཁྱབ་གདལ་ཟླ་འཁོར་བྱེད་སྒོ་སྤེལ།
བྱེད་སྒོའི་ཡུལ་དངོས་སུ་རྫོང་ཚན་རྩལ་མཐུན་ཚོགས་ཀྱི་འགན་འཁུར་བས་ཚན་རྩལ་གྱི་ཁྲིད་སྟོན་ལ་བརྟེན་ཏེ། ཡུལ་གྲོང་ཟུང་འབྲེལ་གྱིས་འཕེལ་བའི་ནང་དོན་དང་ཐེན་ཧྥུ་ཚན་རྩལ་ཞབས་ཞུ་ཁྱབ་གདལ་ལས་དོན་སྐོར་ནས། ཚན་རིག་ཤེས་བྱ་སྒྲོག་འགྲེལ་དང་ཚན་རིག་ཤེས་བྱའི་ལན་ཁེལ་བྱ་དགའ་སྟེ་བའི་བྱེད་སྒོ་སྤེལ། རྫོང་འཕྲོད་བསྟེན་བདེ་ཐང་མ་ལག་གི་སྨན་པསPPTའགྲེམ་སྟོན་དང་འགུལ་རིས་སོགས་ཀྱི་ལམ་ནས། དགེ་སློབ་རྣམས་ལ་རྣ་གཅེས་དང་རྣ་སྲུང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་། རྫོང་ཁྲིམས་འཛིན་ཅུས་ཀྱི་ལས་ཀ་བས་སློབ་མར་དྲི་བ་དྲིས་ལན་གྱི་སྒོ་ནས། གློག་འཕྲིན་མགོ་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བས། སློབ་གྲྭའི་དགེ་སློབ་རྣམས་ཀྱི་དགའ་བསུ་ཐོབ།
མཛོད་དགེ་བོད་ཡིག་སློབ་འབྲིང་གི་མཐོ་གཉིས་པའི་འཛིན་གྲྭ་གསུམ་པའི་སློབ་མ་བདེ་ཆེན་སྒྲོལ་མས་བཤད་རྒྱུར། དེ་རིང་ང་ཚོས་རྫོང་ཚན་རྩལ་མཐུན་ཚོགས་དང་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས། རྫོང་ཁྲིམས་འཛིན་ཅུས་བཅས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ལ་བརྟེན་ཏེ་ཡུལ་གྲོང་ཟུང་འབྲེལ་གྱིས་འཕེལ་རྒྱས་གཏོང་བ་དང་རྣ་གཅེས་ཉིན་མོའི་བྱེད་སྒོ། ཁྲིམས་འཛིན་ཅུས་ཀྱི་གློག་འཕྲིན་མགོ་སྐོར་བཅས་ཀྱི་འབྲེལ་ཡོད་དྲིལ་སྒྲོག་ལ་མཉན་པ་བརྒྱུད། ཕྲན་ལ་བློ་འབྱེད་ཆེན་པོ་སྟེར། རྗེས་སོའི་སློབ་སྦྱོང་འཚོ་བའི་ཁྲོད་དངོས་སུ་ལག་ལེན་བྱེད་རྒྱུ་ཡིན་ལ། ད་དུང་ཤེས་བྱ་མང་བོ་ཞིག་རྟོགས་བྱུང་ཟེར།
ཚན་རྩལ་གྱིས་འཚར་ལོངས་ལ་སྐུལ་འདེད་དང་གསར་གཏོད་ཀྱིས་མ་འོངས་གསར་དུ་བསྐྲུན། ཚན་རིག་ཁྱབ་གདལ་སློབ་རར་སྐྱེལ་བའི་བྱེད་སྒོ་སྤེལ་བ་བརྒྱུད། སློབ་མ་རྣམས་ལ་སྔོན་ཐོན་གྱི་ཚན་རིག་ཤེས་བྱ་སྡུད་ལེན་དང་ལྟ་རྒྱ་ཐོས་རྒྱ་བསྐྱེད་པའི་གོ་སྐབས་སྤྲད་དེ། སློབ་མ་རྣམས་ལ་ཚན་རྩལ་གསར་གཏོད་ཀྱི་སྙིང་སྟོབས་བསྐྲུན། ཚན་རིག་དང་ཕུགས་བསམ་ལྡན་ན། བྱིས་པ་རྣམས་ཀྱི་སློབ་སྦྱོང་འཚོ་བ་དེ་བས་ངོ་མཚར་ལྡན་པར་འགྱུར་བར་ཡིད་ཆེས་བརྟན། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
མཛོད་དགེ་རྫོང་གི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་རར་སྐྱེལ་བའི་བྱེད་སྒོ་སྤེལ།