རིག་རྩལ་དང་གཞུང་ལུགས་སྒྲོག་འགྲེལ་ཟུང་འབྲེལ་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཀུན་ལ་བསྒྲགས།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲུལ་བཞུད་གསར་བར་འབད་པས་བསྐྱོད་ཅིང་དུས་རབས་གསར་བར་བྱས་རྗེས་འཇོག་དགོས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་ཆེད།  ཟླ༡༡པའི་ཚེས༢༢ཉིན།  མཛོད་དགེ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་ཀྱིས་དཔལ་སྐྱིད་གྲོང་རྡལ་དུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ།

3.jpg

བྱེད་སྒོར་སྒྲོག་འགྲེལ་བས་ཏང་གི་ཚོགས་ཆེན་ཉི་ཤུ་པར་གོ་བ་གཏིང་ཟབ་ལེན་པའི་དོན་སྙིང་གལ་ཆེན་དང་བརྗོད་དོན་གཙོ་བོ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ངེས་པར་གསུམ་གྱི་བླང་བྱ། འདས་པའི་ལོ༥ཡི་ལས་དོན་དང་དུས་རབས་གསར་བའི་ལོ༡༠ཡི་འཕོ་འགྱུར་རླབས་ཆེན་གྱི་དོན་སྙིང་གལ་ཆེན།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཛམ་གླིང་ལྟ་བ་དང་ཐབས་ལམ་སྨྲ་བ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན།  ཡོངས་ཁྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལས་འགན།  རང་ཉིད་གསར་བརྗེ་རླབས་པོ་ཆེས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན།  ངེས་བརྒྱུད་ལམ་བུ་ལྔ་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་བླང་བྱ་བཅས་ཕྱོགས་དགུའི་སྐོར་ནས།  མཛོད་དགེའི་དོན་དངོས་གནས་ཚུལ་དང་འབྲེལ་ཏེ།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཡོངས་ཁྱབ་ནས་ཀློག་འགྲེལ་དང་རྒྱས་འགྲེལ་ཟབ་མོར་གནང་བར་མ་ཟད།  དཔེ་དོན་དང་འབྲེལ་ཏེ་དྲིལ་སྒྲོག་དང་སྒྲོག་འགྲེལ་སྒོས།  རོང་འབྲོག་མང་ཚོགས་ལ་གོ་སླ་ཞིང་འཛིན་ཐུབ་ལ་རྟོགས་ཐུབ་ཏུ་བཅུག

4.jpg

སྒྲོག་འགྲེལ་ཚོགས་འདུའི་རྗེས་སུ་ཐུན་མིན་གྱི་རིག་རྩལ་འཁྲབ་སྟོན་གྱིས་ཡུལ་དངོས་ཀྱི་ལྟད་མོ་བའི་མིག་དབང་འཕྲོག  ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནི།  མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་ཞིང་ས་གནས་ཀྱི་གནས་ཚུལ་དང་མཐུན་ལ།  སེམས་སུ་འཇགས་སླ་བ་བཅས་ཀྱི་སྒོ་ནས་བརྒྱུད་སྒྲོག་སྒོས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེར་དཀྱུས་མའི་ཁྱིམ་དུ་བསྒྲགས་ཏེ།  གཞི་རིམ་དུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་སྐུལ་འདེད་བཏང་།

5.jpg

ཉིན་ཤས་རིང་མཛོད་དགེ་རྫོང་གིས་རིག་རྩལ་དང་གཞུང་ལུགས་སྒྲོག་འགྲེལ་ཟུང་འབྲེལ་རྣམ་པས།  ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྒྲོག་འགྲེལ་སྒོས།  གཞུང་ལུགས་དང་མང་ཚོགས་བར་དང་།  སྲིད་ཇུས་དང་མི་སེར་བར་ལ་འབྲེལ་ཟམ་བསྐྲུན་ཏེ།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་དུ་འཁྱོལ་ཞིང་སེམས་སུ་བཞག་པ་དང་།  ཁྱིམ་ཚང་ཁྲི་སྟོང་མང་བོར་བསྐྱལ་ཏེ།  ངོ་མཚར་ཆེ་བའི་རིག་གནས་བྱེད་སྒོའི་ཁྲོད། རྒྱུན་མི་ཆད་པར་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་ཇེ་ཆེར་བཏང་། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།