སི་ཁྲོན་རོང་བྲག་ཆུ་གློག་ས་ཚིགས་ཆུ་བརྡོལ་དོན་རྐྱེན་ཁྲོད་མི7རྐྱེན་ལམ་དུ་ཤོར་བ་དང་མི2གར་སོང་ཆ་མེད་དུ་གྱུར་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་དཀར་མཛེས་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། ཟླ1པོའི་ཚེས12ཉིན་གྱི་ཆུ་ཚོད13དང་སྐར་མ40ཡས་མས་སུ། དཀར་མཛེས་ཁུལ་རོང་བྲག་རྫོང་བྲག་འགོ་གྲོང་བརྡལ་བཙན་ལྷ་ཆུ་བོ་ཀོན་ཀྲོའུ་ཆུ་གློག་ས་ཚིགས་བཟོ་ཁང་གི་འཕྲུལ་འཁོར་ཚན་པ་གསུམ་པའི་གཏན་སྒོ་གས་ཆགས་བྱུང་བའི་རྐྱེན་གྱིས། ཆུ་བརྡོལ་དོན་རྐྱེན་བྱུང་བ་དང་། བཟོ་ཁང་ནང་གི་མི11ཉེན་ཁའི་གནས་སུ་ལྷུང་།

དོན་རྐྱེན་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན། ཁུལ་མགོ་ཁྲིད་བཅས་ཀྱིས་མྱུར་དུ་མཚན་བཀོད་མཛུབ་སྟོན་གནང་སྟེ། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ། རོང་བྲག་རྫོང་བཅས་ཀྱིས་མཉམ་དུ“1·12”ཀོན་ཀྲོའུ་ཆུ་གློག་ས་ཚིགས་ཀྱི་ཆུ་བརྡོལ་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་ཡུལ་དངོས་བཀོད་འདོམས་པུའུ་བཙུགས་པ་དང་། དེར་ཕྱོགས་བསྡུས་མཐུན་སྦྱོར་དང་། འཕྲལ་བསྟུན་སྐྱོབ་བཅོས། རྗེས་མཐུད་ཐག་གཅོད་དང་དོན་རྐྱེན་རྟོག་དཔྱོད་སོགས་ཚོ་ཆུང10བཙུགས། ཟླ1པོའི་ཚེས13ཉིན་གྱི་ཆུ་ཚོད15དང་སྐར་མ30སྟེང་དུ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་རོགས་སྐྱོབ་སྟོབས་ཤུགས་བཀོད་གཏོང་བྱས་པ་དང་། འཕྲལ་བསྟུན་དང་སྤྱི་བདེ། མེ་གསོད། འཕྲོད་བསྟེན་གཙང་སྦྲ། ཆུ་བེད། གློག་ཤུགས་དང་འཕྲིན་གཏོང་སོགས་ལས་ཁུངས་ཀྱི་མི535དང་རོགས་སྐྱོབ་རླངས་འཁོར29། ས་བརྐོ་འཕྲུལ་ཆས8། ཆུ་འཐེན་འཕྲུལ་འཁོར40རྩ་འཛུགས་བྱས་ནས། ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་ལས་དོན་ཁྲོད་ཞུགས། མིག་སྔར། ཉེན་ཁའི་གནས་སུ་ལྷུང་བའི་མི11ཁྲོད་ཀྱི་མི2བསྐྱབས་པ་དང་། ཚེ་སྲོག་གི་ཉེན་ཁ་མེད། མི7རྐྱེན་ལམ་དུ་ཤོར་ལ། གཞན་མི2ད་དུང་རྙེད་མེད། 

丹巴关州电站外多台消防车辆正在开展排水作业。 周勇 摄

救援人员正在丹巴一处民房被淹处搜寻和转移人员。 周勇 摄

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།