དཀར་མཛེས་སྡེ་རོང་རྫོང་གིས་སྨན་རྫས་འདེབས་འཛུགས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

1.jpg

2.jpg

3.jpg

པར་འདི་དག་ནི་སྨན་རྫས་འདེབས་འཛུགས་དཔེ་སྟོན་རྟེན་གཞི་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པ་ས་བབ་སྨི3160ཟིན་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་སྨན་རྫས་འདེབས་འཛུགས་དཔེ་སྟོན་རྟེན་གཞི་རུ་བསྐྱོད་དེ་རྒྱུས་ལོན་པ་ལྟར་ན། རྟེན་གཞི་དེའི་སྨན་ཞིང་གིས་ས་གནས་མང་ཚོགས་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་འབབ་སྒོར་ཁྲི2.7བསྐྲུན་ཡོད།

སྨན་ཞིང་དེ་ནི་ཁྲེང་ཏུའུ་གྲོང་ཁྱེར་ཆིན་དབྱང་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་སྒོས་འཛུགས་སྐྲུན་དང་། ཆིན་དབྱང་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་ཁྲི400བཏང་སྟེ་རྨང་གཞི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱས་པ་མ་ཟད། ལི་ཅིང་ཧྭ་ལི་ཀུང་སི་ནང་འདྲེན་ཞུས་ཏེ“ཀུང་སི+རྟེན་གཞི+ཞིང་དུད+མཉམ་ལས་ཁང”གི་དཔེ་དབྱིབས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་ས་མུའུ130འཁོར་རྒྱུག་བྱས་ཡོད།

2020ལོའི་ཟླ4བར་རྟེན་གཞི་བསྐྲུན་ནས་ལས་གཉེར་བྱས་རྗེས། ས་གནས་མང་ཚོགས་ལ་ཡོང་འབབ་རིགས་གཉིས་ཡོད་དེ། གཅིག་ནི་ཞིང་ས་འཁོར་རྒྱུག་བྱས་པ་ནས་ཐོབ་པའི་བོགས་དངུལ་དང་། གཞན་ཞིག་ནི་རྟེན་གཞི་རུ་སྨན་རྫས་འདེབས་འཛུགས་བྱས་ནས་ཐོབ་པའི་གླ་ཕོགས་ཡིན།

སྡེ་རོང་རྫོང་གི་སྨན་རྫས་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དེས་གཙོ་བོ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད། དཔེ་སྟོན་རྟེན་གཞི་ལས་གཞན། ཆིན་དབྱང་ཆུས་དང་སྡེ་རོང་རྫོང་གཉིས་ཀྱིས་ད་ལོར“ཏང་ཡོན་དཔེ་སྟོན་ཁྱིམ་ཚང”དང“མང་ཚོགས་ཀྱི་དཔེ་སྟོན་ཞིང་ས”གཉིས་ཀྱི་སྣེ་ཁྲིད་འོག་གྲོང་རྡལ8དུ་ཞིང་ས་མུའུ1000ལྷག་ལ་སྨན་རྫས་འདེབས་འཛུགས་ཁྱབ་གདལ་དུ་བཏང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།