སྐྱེ་ཁམས་སླར་གསོ་ལ་ཕན་འབྲས་ཐོབ་ནས་མཚོ་ཁྲ་དེ་རྨ་ཆུའི་ཆུ་མཛོད་དུ་གྱུར།

3.jpg

5.jpg

4.jpg

6.jpg

3.jpg

པར་འདི་དག་ནི་མཚོ་ཁྲ་མཛེས་ལྗོངས་ཁུལ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས20ཉིན། “མ་ཡུམ་གཙང་པོའི་འགྲམ་གྱི་ཀྲུང་གོ”ཞེས་པའི་བཅར་འདྲི་ཚོགས་པ་སི་ཁྲོན་ཞིང་ཆེན་མཛོད་དགེ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་ཁྲ་བརླན་ས་རུ་བསྐྱོད་པ་རེད།

2010ལོར་མཚོ་ཁྲ་བརླན་ས་སྐྱེ་ཁམས་སླར་གསོ་རྣམ་གྲངས་དངོས་སུ་མགོ་བརྩམས་ཤིང་། སྐྱེ་ཁམས་ཆུ་རགས་སྨི1740འཛུགས་སྐྲུན་བྱས་ཏེ། མཚོ་ཁྲའི་ཆུ་ཚད་ལི་སྨི52ཀྱིས་ཇེ་མཐོར་ཕྱིན་པ་དང་། མཚོའི་རྒྱ་ཁྱོན་སྔོན་ཆད་ཀྱི་སྤྱི་ཆིང215ནས་ད་ལྟའི་སྤྱི་ཆིང650ལ་སླེབས་ནས་མཚོ་ཁྲའི་བརླན་ས་དང་མཐའ་འཁོར་གྱི་ཕྱེར་བརླན་འདམ་ར་དང་འདམ་ར་སྐམ་པོ་སྤྱི་ཆིང892སླར་གསོ་བྱུང་ཡོད།

རྨ་ཆུའུ་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་ཡིན་པའི་ཆ་ནས། མཚོ་ཁྲ་ཡིས་རྨ་ཆུ་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར44ཡས་མས་ཀྱི་ཆུ་ཁ་གསབ་བྱས་ཡོད་ཅིང་། རྨ་ཆུའི་ལོ་མང་པོའི་རིང་གི་ཆ་སྙོམས་ཀྱི་རང་བྱུང་བཞུར་རྒྱུན་གྱི7.58%ཟིན་ཡོད་པས ། དེ་ནི་རྨ་ཆུའི་རང་བྱུང་ཆུ་མཛོད་དུ་གྱུར་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།