པར་འདི་ནི་ཤིང་ཏོག་ཐོན་ལས་གླིང་ཡིན།
པར་འདི་དག་ནི་ཡོངས་སུ་སྨིན་པའི་ཀུ་ཤུ་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཆིང་བདེ་གྲོང་རྡལ་གྱིས་མཐོ་སྒང་གི་ས་བབ་དང་ནམ་ཟླ་སོགས་ཀྱི་ཁྱད་ཆོས་དང་བསྟུན་ནས། དེང་རབས་ཅན་གྱི་ཞིང་ལས་ཤིང་ཏོག་ཐོན་ལས་གླིང་སྐྲུན་པ་བརྒྱུད་མཐོ་སྒང་གི་ཤིང་ཏོག་འདེབས་འཛུགས་བྱས་པ་དང་། མིག་སྔར་ཞིང་ས་མུའུ་ཁྲི་གཅིག་ལྷག་གི་ལྟེ་གནས་ཁུལ་འཕེལ་རྒྱས་སུ་བཏང་སྟེ། རྟེན་གཞིའི་ཤིང་ཏོག་ཀུ་ཤུ་ཁྲེང་ཏུའུ་དང་ཧང་ཀྲོའུ་སོགས་སུ་ཕྱིར་འཚོང་བྱས་པ་མ་ཟད། མཐའ་འཁོར་གྲོང་མིའི་འབབ་འཕར་ཕྱུག་འགྱུར་བྱུང་བར་རམ་འདེགས་བྱས་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
དཀར་མཛེས་སུ་མཐོ་སྒང་གི་ཀུ་ཤུ་ཡོངས་སུ་སྨིན་པ།