ལི་ཐང་རྫོང་གིས་གདན་ཞུའི་ཚོགས་འདུ་འཚོགས་པ།

3.jpg

4.jpg

5.jpg

པར་འདི་དག་ནི་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གེ་སར་ཐང་ཆེན་དུ་མི་མང་པོས་གདན་ཞུའི་གནས་ཚུལ་དང་ལས་གནས་རེ་འདུན་འདྲི་རྩད་བྱས་པ་བརྒྱུད་ཡུལ་དངོས་སུ་མི491གིས་ལས་ཞུགས་གྲོས་མཐུན་བཀོད།

ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་ངལ་ལས་མཉམ་ལས་ཐད་ཤུགས་བསྣན་ཏེ། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་ཇེ་བརྟན་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱ་ཆེད། ཐེངས་འདིའི་གདན་ཞུའི་ཚོགས་འདུའི་ཁྲོད་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་དང་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་། ཞིན་ཏུའུ་ཆུས། དཀར་མཛེས་ཁུལ་བཅས་བསྡོམས་པས་ཁེ་ལས93གྱིས་ལི་ཐང་རྫོང་གི་དབུལ་ཐར་མང་ཚོགས་དང་གྲོང་ཁྱེར་དུ་ཡོང་བའི་ཞོར་ལས་པ། གྲོང་རྡལ་གྱི་ལས་ཤོར་མི་སྣ། འབྲོག་ཁུལ་གྱི་གཞོན་ནུ། ཆེད་ཚན་དང་འབྲིང་རིམ་སློབ་གྲྭའི་ལས་ཞུགས་དཀའ་བའི་མཐར་ཕྱིན་སློབ་མར་ལག་རྩལ་པ་དང་ནོར་དོན། ཕྱིར་འཚོང་། དོ་དམ། བདེ་སྲུང་། འཁོར་སྐྱོད་སོགས་ཀྱི་ལས་གནས་རིགས2686མཁོ་འདོན་བྱས་ཡོད།

གདན་ཞུའི་ཚོགས་འདུ་ཡིས་ཁེ་ལས་ཀྱི་འཐུས་མི1700ལྷག་དང་ལི་ཐང་རྫོང་གི་གྲོང་རྡལ22། སྡེ་ཁུལ6གི་རོང་འབྲོག་མང་ཚོགས་དང་ལས་སྒུག་གཞོན་ནུ་ལས་ཞུགས་བྱེད་པར་བཀུགས་པ་རེད། ཁེ་ལས་ཀྱིས་དྲིལ་སྒྲོག་དང་ལས་དོན་མི་སྣས་ངོ་སྤྲོད། བྱ་བ་འཚོལ་མཁན་གྱི་རེ་འདུན་ཞུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཚོགས་འདིའི་ཡུལ་དངོས་སུ་མི491གིས་ལས་ཞུགས་གྲོས་མཐུན་བཀོད།

 “ཐེངས་འདིའི་གདན་ཞུའི་ཚོགས་འདུ་བདེ་ལེགས་ངང་སྤེལ་བ་བརྒྱུད། ལས་མི་སྤྱོད་པའི་ལས་ཁུངས་དང་ཡུལ་དངོས་ཀྱི་ལས་གནས་འཚོལ་མཁན་བར་ཕན་ནུས་ལྡན་པས་གནད་ཁེལ་འབྲེལ་མཐུད་བྱས་ནས། མང་ཚོགས་ཀྱི་ཆེད་དུ་ལས་ཞུགས་དཀའ་གནད་སེལ་བ་རེད”ཅེས་ལི་ཐང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་སྒྲོལ་མས་དེ་ལྟར་བཤད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།