ལི་ཐང་རྫོང་གིས་དཔེ་དེབ་འགྲེམས་ཚོགས་ཀྱི་བྱ་འགུལ་སྤེལ་བ།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་བྱ་འགུལ་གྱི་ཡུལ་དངོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས་ལི་ཐང་གནའ་གྲོང་ཁྱིམ་སྟོང་བོད་སྡེ་རུ“དཔེ་ཀློག་ལ་དགའ་བ་དང་འཚོ་བ་རོལ་ཤེས་པ——ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་གུས་འདུད་ཞུས་ཏེ་དཔེ་ཀློག་ལི་ཐང་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་དཔེ་དེབ་འགྲེམས་ཚོགས་བྱ་འགུལ་རབ་དང་རིམ་པ་སྤེལ།

འགྲེམས་ཚོགས་ཡུལ་དངོས་སུ་ལི་ཐང་ཞིན་ཧྭ་དཔེ་ཁང་དང་དཔེ་ཁང་གཞན་དག་བཅས་ཀྱིས་མཉམ་འབྲེལ་ངང་དཔེ་དེབ་སྤུས་ལེགས500ཙམ་འགྲེམས་འཚོང་བྱས་པ་དང་། དེའི་ནང་ལི་ཐང་གི་རིག་གནས་པས་བརྩམས་པའི《བོད་ཡིག་གི་ཡིག་གཟུགས་གསར་གཏོད་བརྩམས་ཆོས》དང《རྒན་རབས་པ་དང་ཁོང་ཚོའི་བུ་ཕྲུག་རྣམས་ཀྱི་ལི་ཐང་གི་གཏམ་རྒྱུད》《ལི་ཐང་དམངས་ཁྲོད་རིག་གནས་དཔེ་ཚོགས》སོགས་ཀྱང་ཚུད་ཡོད། གཞན་ལི་ཐང་ས་གནས་ལས་སྐྲུན་ན་གཞོན་ཚོས་གཉེར་བའི་དངོས་གཟུགས་དཔེ་ཁང་སྐོར་ཞིག་བྱ་འགུལ་ནང་ཞུགས་ཏེ་རིན་གཅོག་དཔེ་ཆའི་འགྲེམས་འཚོང་ས་གནས་བཙུགས་པ་བརྒྱུད་རྒྱ་བོད་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་དང་ཕྱིར་འཚོང་བྱས་པ་དེས་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣས“ང་ཚོས་ཀློག་པ་པོ་ཆུང་ཆུང་ཚོའི་ཆེད་དུ་དཔེ་ཆ་རིགས་མི་འདྲ་བ200ཙམ་གྲ་སྒྲིག་བྱས་ཡོད་ལ། དེའི་ཁྲོད་ས་གནས་རྩོམ་པ་པོའི་བརྩམས་ཆོས་དང་ལི་ཐང་དམངས་ཁྲོད་དཔེ་ཚོགས། རྒྱ་བོད་རིགས་གཉིས་ཀྱི་ལོ་ཆུང་བྱིས་པའི་ཀློག་དེབ་བཅས་ཚུད་ཡོད”ཅེས་བསྟན།

འགྲེམས་ཚོགས་སྟེང་ཆེད་དུ་བོད་ཀྱི་ཡིག་གཟུགས་དང་བོད་རིགས་ཀྱི་སྲོལ་རྒྱུན་ཤིང་བརྐོས་པར་སྐྲུན་འགྲེམས་སྟོན་ས་གནས་བཙུགས་ཏེ། ལི་ཐང་རྫོང་ཡིག་གཟུགས་མཐུན་ཚོགས་དང་བརྩམས་ཆོས་མཐུན་ཚོགས་ཀྱིས་བོད་ཀྱི་སྨྱུག་བཅད་ཡིག་གཟུགས་དང་ཤིང་བརྐོས་པར་སྐྲུན་སོགས་ཀྱི་གནའ་བོའི་ལག་རྩལ་འགྲེམ་སྟོན་བྱས་པ་མ་ཟད། མང་ཚོགས་རྣམས་ཀྱང་བྱ་འགུལ་ཁྲོད་དངོས་སུ་ཞུགས་ནས་ཉམས་ལེན་བྱས་ཆོག་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།