གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་བོ་ཕྱི་ཕྱོགས་སུ་སྒོ་འབྱེད་པ་རེད།

3.jpg

པར་འདི་ནི་སླར་གསོ་བྱུང་བའི་གཟི་ཚྭ་སྡེ་དགུ་མཛེས་ལྗོངས་ཁུལ་རེད།

4.jpg

པར་འདི་ནི་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9བའི་ཚེས28ཉིན། གཟི་ཚྭ་སྡེ་དགུ་རུ་མི་ཚོགས་ཀྱིས་ཁེངས་འདུག ཀྲུང་གོའི(སི་ཁྲོན)རྒྱལ་སྤྱིའི་ཡུལ་སྐོར་དངུལ་འཇོག་ཚོགས་ཆེན་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་དང་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་སྒོ་འབྱེད་སླར་གསོའི་མཛད་སྒོ་གནས་དེར་འཚོགས་པ་རེད། སྔ་དྲོར་ཀྲུང་གུང་སི་ཁྲོན་ཞིང་ཨུ་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གཟི་ཚྭ་སྡེ་དགུ་མཛེས་ལྗོངས་ཁུལ་དུ་གཟི་ཚྭ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་བོ་སྒོ་འབྱེད་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

དེའི་ཐོག་ནས་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་རུ་རྩེ་ལུང་མཚོ་ནས་གདོད་མའི་ནགས་ཚལ་ས་ཁོངས་བར་གྱི་སྒོ་མོ་ཡང་བསྐྱར་འབྱེད་ཐུབ་པ་མཚོན་ཡོད། དེའི་ནང་དོམ་ཁྲའི་མཚོ་དང་། མདའ་སྨྱུག་མཚོ། ངང་དཀར་མཚོ། རྩི་ཤིང་མཚོ། གདོད་མའི་ནགས་ཚལ་སོགས་མཛེས་ལྗོངས་ཁུལ་ཚུད་ཡོད།

གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་ཡང་བསྐྱར་སྐྲུན་པའི་གནས་ཚུལ་དང་ས་ཁོངས་ཧྲིལ་པོའི་སླར་གསོ་སྒོ་འབྱེད་པའི་དུས་ཚོད་ལ་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་གནང་ཡོད།

2017ལོའི་ཟླ8པའིཚེས8ཉིན། གཟི་ཚྭ་སྡེ་དགུ་ལ་ས་འགུལ་རིམ་པ7.0བྱུང་བ་རེད། ས་འགུལ་བྱུང་རྗེས་ཀྱི་ཆུ་ཚོད24ནང་ཡུལ་སྐོར་བ་དང་ལས་དོན་མི་སྣ་ཁྲི6ལྷག་ཙམ་གནས་སྤོར་བ་དང་།  2017ལོའི་ཟླ11པའི་ཚེས8ཉིན། གཟི་ཚྭ་སྡེ་དགུའི་གེགས་རྗེས་སླར་གསོ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང《“8·8”གཟི་ཚྭ་སྡེ་དགུའི་ས་འགུལ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་གཞི》ཁྱབ་བསྒྲགས་བྱས་པ་རེད།  2019ལོའི་ཟླ8པའི་ཚེས8ཉིན། སི་ཁྲོན་མཁའ་འགྲུལ་ཀུང་སི་ཡིས་ཁྲེང་ཏུའུ་ནས་གཟི་ཚྭ་སྡེ་དགུ་བར་གྱི་འགྲོ་འོང་གི་མཁའ་ལམ་སླར་གསོ་བྱས་པ་དང་།  2019ལོའི་ཟླ9བའི་ཚེས27ཉིན། ས་འགུལ་བྱུང་རྗེས་ལོ་གཉིས་རིང་ལ་བཀག་སྡོམ་བྱས་པའི་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་སླར་ཡང་སྒོ་མོ་འབྱེད་པ་རེད། ཤེས་གསལ་ལྟར་ན། ད་ཐེངས་ཀྱི་ཚོད་ལྟའི་སྒོ་ཕྱེ་བའི་རིང་སྒོ་འབྱེད་པའི་ས་ཁོངས་ཀྱིས་མཛེས་ལྗོངས་ཁུལ་ཡོངས་ཀྱི85%ཟིན་ཡོད།  གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་སྒོ་འབྱེད་སླར་གསོའི་མཛད་སྒོ་དེ་2021ལོའི་ཟླ9བའི་ཚེས28ཉིན་སྤེལ་བ་རེད།

ལོ4ཙམ་རིང་ཞིག་གསོ་བྱས་པ་བརྒྱུད་མཛེས་ལྗོངས་ཁུལ་མང་ཆེ་བ་ཞིག་གསོ་བྱས་ཟིན་ནས་ས་འགུལ་མ་བྱུང་སྔོན་གྱི་མཛེས་ལྗོངས་ལྟར་སླར་གསོ་ཐུབ་ཡོད།

གཟི་ཚྭ་སྡེ་དགུ་དོ་དམ་ཅུའུ་ཡིས《གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་སྒོ་འབྱེད་བརྡ་ཁྱབ》ཁྱབ་བསྒྲགས་བྱས་ནས་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་ས་ཁོངས་ཀྱི་ཐེག་ཚད་ཆེ་ཤོས་དང་སྤ་སེའི་རིན་གོང་སོགས་ཁྱབ་བསྒྲགས་བྱས་ཡོད།

ཞིབ་ཕྲའི་ནང་དོན། གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་མཛེས་ལྗོངས་ཁུལ་ཟླ་9པའི་ཚེས28ཉིན་ས་ཁོངས་ཧྲིལ་པོའི་སྒོ་འབྱེད་སླར་གསོ་ཐུབ་ཡོད།

གཅིག རུ་རྩེ་ལུང་མཚོ་ཡན་གྱི་ས་ཁོངས་སྒོ་འབྱེད་སླར་གསོ་བྱ་རྒྱུ་རེད། དེའི་ཁོངས་སུ་དོམ་ཁྲའི་མཚོ་དང་། མདའ་སྨྱུག་མཚོ་དང་མདའ་སྨྱུག་རྦབ་ཆུ། ངང་དཀར་མཚོ། རྩིཤིང་མཚོ། གདོད་མའི་ནགས་ཚལ་སོགས་མཛེས་ལྗོངས་ཁུལ་ཚུད་ཡོད། 

གཉིས།《ཡུལ་སྐོར་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་ཆེད། གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་མི་འབོར་ཐེག་ཚད་ཆེ་ཤོས་ནི་ཉིན་གཅིག་ལ་མི་ཐེངས་ཁྲི4.1ཡིན་པ་གཏན་འབེབས་བྱས་པ་དང་།《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་ཕྱོགས་སྟོན(2021ལོའི་ཟླ3པའི་བཟོ་བཅོས་པར་གཞི)》གྱི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ཏེ་མཛེས་ལྗོངས་ཁུལ་དུ་མིང་ངོ་མའི་ཐོག་ནས་སྤ་སེ་ཉོ་རྒྱུ་དང་སྤ་སེ་ཉོ་སའི་དྲ་ཚུགས་ནིwww.abatour.com ཡིན། ཡུལ་སྐོར་པ་ཚོས་སྔོན་ལ་འགྲོ་སྐྱོད་ཀྱི་འཆར་འགོད་ཡག་པོ་བྱེད་དགོས།

གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་མཛེས་ལྗོངས་ཁུལ་གྱིས“ཚད་བཀག་དང་། ཁ་ཆད་བཟོ་བ། མི་ཚོགས་ལས་གཡོལ་བ་བཅས་ཀྱི་བླང་བྱ་ལྟར་དུས་བགོ་བ་དང་། ཁག་དབྱེ་བ། ཁུལ་དབྱེ་བ་བཅས་ཀྱི་ཡུལ་སྐོར་བྱེད་ཐབས་ལག་བསྟར་ནན་པོ་བྱ་རྒྱུ་ཡིན་པ་རེད།

བཞི། སི་ཁྲོན་རིག་གནས་ཡུལ་སྐོར་ཚོགས་ཆེན་གཟི་ཚྭ་སྡེ་དགུ་རུ་འཚོགས་པར་རྟེན་འབྲེལ་ཞུ་བ་དང་། སྤྱི་ཚོགས་ལས་རིགས་སོ་སོས་གཟི་ཚྭ་སྡེ་དགུ་ལ་དོ་ཁུར་དང་གཅེས་སྐྱོང་བྱས་པར་དྲིན་ལན་འཇལ་ཆེད། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ད་ལོའི་ཟླ11པའི་ཚེས15ཉིན་གྱི་སྔོན་ལ་སྔར་བཞིན་མི་རེར་ཉིན་རེར་སྒོར169ཡི་རིན་གོང་ལྟར་ལག་བསྟར་བྱ་རྒྱུ་ཡིན།

དོ་སྣང་བྱ་ཡུལ། མིག་སྔར་མཛེས་ལྗོངས་ཁུལ་དུ་ཉིན་གཅིག་ནང་ཚད་བཀག་སྒོ་འབྱེད་ལག་བསྟར་དང་དྲ་ཡོངས་སུ་མིང་ངོ་མའི་ཐོག་ནས་སྤ་སེ་ཉོ་བ་ལས་ཡུལ་དངོས་སུ་སྤ་སེ་ཉོ་སའི་སྐར་ཁུང་བཙུགས་མེད་པས། འགྲོ་འདོད་ཡོད་པའི་གྲོགས་པོ་ཚོས་ངེས་པར་དུ་ཡུལ་དངོས་སུ་སླེབས་པའི་སྔར་ཉིན་ཕྱི་དྲོའི་ཆུ་ཚོད་དྲུག་གི་སྔོན་ལ་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་སྤ་སེ་ཉོ་རྒྱུ་བརྗེད་མི་རུང་།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།