མཛོད་དགེའི་རྒྱ་ཁྱོན་མུའུ་སྟོང་གི་གཟན་རྩྭ་ལ་ལོ་ལེགས་བྱུང་བ།

3.jpg4.jpg

5.jpg

པར་འདི་དག་ནི་གཟན་རྩྭ་བསྡུ་ལེན་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་སི་ཁྲོན་ས་རྒོད་གསར་སྦོལ་འབྲོག་སའི་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་རུ་བརྔ་བསྡུ་འཕྲུལ་འཁོར་ཆེ་རིགས་ཀྱིས་རྩྭ་འབྲེག་པའི་ལས་ལ་བྲེལ་བཞིན་ཡོད། ཉིན་ཤས་བསྟུད་མར་ཀུང་སི་དེས་འདེབས་འཛུགས་བྱས་ཡོད་པའི་རྒྱ་ཁྱོན་མུའུ3000གྱི་རྩྭ་སྔོན་སྨིན་ནས་ད་ལོར་རྩྭ་སྔོན་ཏུན5000གི་གཟན་རྩྭ་ཉར་ཚགས་བྱེད་རྩིས་ཡོད། ཉེ་བའི་ལོ་འགའི་རིང་མཛོད་དགེ་རྫོང་དུ་ཡོད་པའི་སི་ཁྲོན་ས་རྒོད་གསར་སྦོལ་འབྲོག་སའི་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་ས་ཞིང་གླས་པ་དང་གཟན་རྩྭ་འདེབས་འཛུགས་འཕེལ་རྒྱས། རྩྭ་སྔོན་ལས་སྣོན། འབྲི་གཡག་བོད་ལུག་སྐྱེ་ཁམས་གསོ་སྤེལ་ཚད་ལྡན་ཅན་དུ་གཏོང་བ་སོགས་གཞི་གཅིག་ཏུ་འབྲེལ་བའི་ཐོན་ལས་ཕྲེང་འབྲེལ་བརྒྱུད་དེ། སི་ཁྲོན་ནུབ་བྱང་མཐོ་སྒང་གི་དགུན་དུས་ཀྱི་གསོ་སྟངས་ཚད་ལྡན་ཅན་གྱི་དཔེ་སྟོན་གསོ་སྤེལ་ར་བ་གྲུབ་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།