དཀར་མཛེས་འདབ་པ་ནས་རྡོ་ཆས་རྙིང་མའི་ཤུལ་བཞག་གསར་རྙེད་བྱུང་སྟེ་མི་ལོ་ཁྲི13ཡར་སྔོན་ལ་མིའི་རིགས་མཚོ་བོད་མཐོ་སྒང་དུ་འགུལ་སྐྱོད་བྱེད་པ་ར་སྤྲོད་བྱས།

ཕན་རོགས་ཤུལ་བཞག་ནས་རྙེད་པའི་ཨ་ཧྲི་ལེ་ལག་རྩལ་མཉམ་སྡེབ།

ཤུལ་བཞག་སྟེང་ས་རིམ་གྱི་གཤགས་ངོས་གསལ་བོར་མཐོང་ཐུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྡོ་ཆས་རྙིང་མའི་དུས་རབས་ནི་མིའི་རིགས་ལོ་རྒྱུས་ཀྱི་དུས་མཚམས་ཤིག་ཡིན་ཞིང་། སྤྱིར་བཏང་དུ་དེ་ལོ་ཁྲི300ལྷག་གི་ཡར་སྔོན་ནས་མགོ་བརྩམས་ཏེ་ལོ་ཁྲི1ཡས་མས་སུ་མཇུག་སྒྲིལ་བ་ཡིན། 

ས་བབ་སྨི3750ཡི་མཐོ་སྒང་དུ། གནའ་སྔ་མོར་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་མེད་ལ། གནའ་རྫས་རྟོག་ཞིབ་རུ་མིས་དཀར་མཛེས་ཁུལ་འདབ་པ་རྫོང་དུ་གསར་རྙེད་བྱུང་བའི་ཕན་རོགས(皮洛)ཤུལ་བཞག་གིས་མི་རྣམས་ལ་དྲིས་ལན་གསལ་བོ་ཞིག་བཏབ་ཡོད།

ཟླ9པའི་ཚེས27ཉིན། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་གནའ་རྫས་ཀྲུང་གོའི་གཙོ་གནད་ལས་གཞིའི་འཕེལ་རིམ་གྱི་ལས་དོན་ཚོགས་འདུ་འཚོགས་པ་དང་། འདབ་པའི་ཕན་རོགས་ཤུལ་བཞག་གི་གནའ་རྫས་རྟོག་ཞིབ་གསར་རྙེད་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།

ས་བབ་སྨི3750ཡི་མཚོ་བོད་མཐོ་སྒང་གི་ཤར་མཚམས་སུ། གནའ་རྫས་རྟོག་ཞིབ་རུ་མིས་གནས་ས་ཁྱད་ཆོས་ལྡན་ལ་གཞི་ཁྱོན་ཆེ་བ་དང་། ས་རིམ་ཉར་ཚགས་བཟང་བ། རིག་གནས་གོ་རིམ་གསལ་བ། ཤུལ་དངོས་ཕུན་སུམ་ཚོགས་པ། ལག་རྩལ་ཁྱད་ཆོས་མངོན་གསལ་ཡིན་པ། རིག་གནས་གྲུབ་ཆ་སྣ་མང་ཡིན་པ་བཅས་ཀྱི་མཐོང་དཀོན་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་འབྲོག་སྟོང་གི་ཤུལ་བཞག་སྟེ་ཕན་རོགས་ཤུལ་བཞག་གསར་རྙེད་བྱུང་བ་མ་ཟད། ཤུལ་བཞག་ཁྲོད་ཨེ་ཤེ་ཡའི་ཤར་རྒྱུད་ཀྱི་ཆེས་མཛེས་པའི་སྟ་རེ་ཤུལ་དངོས་གསར་རྙེད་བྱུང་བས། དེས“ཤར་ཕྱོགས་ཀྱི་གནའ་བོའི་མིའི་རིགས་ཀྱི་རིག་གནས་དེ་ནུབ་ཕྱོགས་ལས་རྗེས་ལུས་ཡིན་པའི”རིག་གཞུང་སྨྲ་ཐབས་དེ་འཆལ་གཏམ་ཡིན་པ་བདེན་དཔང་བྱས།

ཆེད་མཁས་པས། འདི་ནི་འཛམ་གླིང་རང་བཞིན་གྱི་གཙོ་གནད་རིག་གཞུང་དང་སྤྱི་ཚོགས་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཅིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་གཙོ་གནད་རིག་གཞུང་ཞིབ་འཇུག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད་ཞེས་བསྟན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།