འཛམ་ཐང་རྫོང་གི་སྤང་ཐོག་རྡོ་བརྐོས་བཀའ་འགྱུར་ལWRCAའཛམ་གླིང་ཟིན་ཐོའི་གཏན་འབེབས་གནང་།

3.jpg

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།

4.jpg

པར་འདི་ནི་སྤང་ཐོག་རྡོ་བརྐོས་སྤྱི་གླིང་གི་ཟུར་ཞིག་རེད།

5.jpg

པར་འདི་ནི་ལག་རྩལ་མི་སྣ་ཞིག་གིས་རྡོ་བརྐོ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས24ཉིན། 2021ལོའི་སི་ཁྲོན་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཡན་ལག་ཚོགས་ར་སྟེ་ཛམ་བྷ་ལའི་དུས་ཆེན་གྱི་ཕྲེང་བསྟར་བྱ་འགུལ“འཛམ་གླིང་ཐོག་ཆེས་ཆ་ཚང་བའི་ད་ཡོད་རྡོ་བརྐོས་བཀའ་འགྱུར་གྱི་འཛམ་གླིང་ཟིན་ཐོ་ཡུལ་དངོས་སུ་གཏན་འབེབས་གནང་བའི”བྱ་འགུལ་འཛམ་ཐང་རྫོང་རྡོ་བརྐོས་སྤྱི་གླིང་དུ་སྤེལ་ཞིང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོའི་སྤང་ཐོག་རྡོ་བརྐོས་སྤྱི་གླིང་གི་ཁྲི50ཙམ་གྱི་རྡོ་བརྐོས་བཀའ་འགྱུར་དེ་འཛམ་གླིང་ཟིན་ཐོའི་གཏན་འབེབས་ཐོབ་པ་མ་ཟད། WRCAའཛམ་གླིང་ཟིན་ཐོའི་དཔང་ཡིག་སྤྲད་ནས་འཛམ་གླིང་ཐོག་ཆེས་ཚ་ཚང་བའི་ད་ཡོད་གཞི་ཁྱོན་ཆེས་ཆེ་བའི་རྡོ་བརྐོས་བཀའ་འགྱུར་ཆེན་མོ་རུ་གཏན་འབེབས་བྱས།

འཛམ་ཐང་རྫོང་ནི་བོད་ཀྱི་རིག་གནས་སྣ་མང་གཅིག་འདུས་ཅན་གྱི་གནས་ཤིག་ཡིན་ལ། དེ་རུ་ཨ་མདོ་དང་རྒྱལ་རོང་། ཁམས་པ་བཅས་རང་གི་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་མཉམ་འདྲེས་བྱུང་ནས་ཐང་ག་དང་བོད་ཀྱི་ཟློས་གར། གནའ་བའི་རོལ་མོ། བོད་སྤོས། རྡོ་བརྐོས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འབྱུང་ཡུལ་དུ་གྱུར་བས། སྔ་རྗེས་སུ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དང“ཀྲུང་གོའི་བོད་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོང་རྒྱུན་འཛིན་རྟེན་གཞི”རུ་གཏན་འབེབས་བྱས།

2001ལོར་སྤང་ཐོག་དགོན་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་སྐོར་ལྔ་བར་ཁྱབ་བསྒྲགས་བྱས་པ་དང་། འཛམ་ཐང་བཀའ་འགྱུར་རྡོ་བརྐོས་ལག་རྩལ་དེ་ཡང2011ལོའི་སི་ཁྲོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་བྱང་དུ་བཞག་ཡོད།

ཉེ་བའི་ལོ་ཤས་རིང་འཛམ་ཐང་རྫོང་གིས“རིག་གནས་དམིགས་བསལ་དུ་འཛིན་པའི”འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་ཤུགས་བསྣན་ནས། དམངས་ཁྲོད་དུ་ཡོད་པའི་སྲོལ་རྒྱུན་རིག་གནས་ལ་རྒྱབ་སྐྱོར་གང་ལེགས་བྱས་པ་བརྒྱུད། རིམ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་ཁྲིད་སྦྱོང་ཁང46བཙུགས་པས་དམངས་ཁྲོད་ལག་རྩལ་རྒྱུན་འཛིན་པ་སྐོར་ཞིག་གིས་ཡང་བསྐྱར་ལག་རྩལ་དར་སྤེལ་བྱེད་ཐུབ་པ་བྱུང་། རྡོ་བརྐོས་ནི་ལག་རྩལ་དེའི་ཁྲོད་ཀྱི་ནང་གསེས་ཡིན་ལ། མིག་སྔར་འཛམ་ཐང་རྫོང་ལྷ་དཔལ་རྡོ་བརྐོས་མཉམ་ལས་ཁང་དུ་ལག་རྩལ་མི་སྣ100ཡོད་པ་དང་། 2020ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི10ལྷག་འཕར་སྣོན་བྱུང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།