མཛོད་དགེ་ཡིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་འགན་སྲུང་ཡག་པོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཛོད་དགེ་རྫོང་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་མགོ་ཚུགས་པ་ནས་བཟུང་། མཛོད་དགེ་རྫོང་གིས“སྲུང་སྐྱོང་གཙོ་འཛིན་དང་བཅོས་སྐྱོང་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས”བཅས་ཀྱི་རྩ་དོན་ལྟར་སྟོབས་ཤུགས་ཡོད་རྒུ་བཏོན་པ་དང་། ཕྱོགས་ཡོངས་ནས་འགག་སྒྲོལ་བྱེད་པ། ཁོངས་ཡོངས་སུ་ཤུགས་བརྒྱབ་ནས་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། སྐྱེ་ཁམས་སླར་གསོ་དམ་འཛིན། ཕྱུགས་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་ལག་བསྟར་དོན་འཁྱོལ་བྱས།

ཤེས་གསལ་ལྟར་ན། མཛོད་དགེ་རྫོང་གིས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དྲིལ་སྒྲོག་སློབ་གསོ། རྩྭ་བཀག་ཕྱུགས་འཕྲི་སོགས་ཀྱི་ལས་དོན་གང་ལེགས་སྤེལ་བ་བརྒྱུད། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་ཕྱོགས་མང་མཉམ་འགུལ། སྐྱེ་ཁམས་མཉམ་བཅོས་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་ཏེ། ཞིབ་ཆ་ལྡན་པའི་སྒོ་ནས་དུས་འགོའི་སྙན་ཞུའི་སྲུང་སྐྱོང་དང་དོ་དམ། འཕེལ་རྒྱས་ཐད་ཀྱི་རྣམ་གྲངས4ཡི་སྤྱི་གླིང16གི་གཙོ་གནད་རྣམ་གྲངས་འཆར་འགོད་བྱས། དེ་དང་ཆབས་ཅིག་ཏུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རྒྱལ་ཡོངས་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང་འཛུགས་པའི་སྲིད་ཇུས་ཀྱི་གོ་སྐབས་ཡག་པོ་དམ་འཛིན་བྱས་ཏེ། ཏན་ཏིག་གིས“ཕྱུགས་ཇེ་ཉུང་དུ་གཏོང་བ་དང་རྩྭ་འདེབས་པ། ཨ་བྲ་རྩ་མེད་དུ་གཏོང་བ། བྱེ་བཅོས། ཆུ་སྲུང་། ཉ་འགོག་པ”བཅས་ཀྱི་འགུལ་སྐྱོད་དྲུག་སྤེལ་ནས་བྱེ་འགྱུར་གཞི་གྲངས་འཚོལ་བསྡུ་ལེགས་སྒྲིག་ལས་དོན་ལེགས་འགྲུབ་བྱུང་བ་དང་། རྨ་ཆུའི་འགྲམ་རྒྱུད་ལ་བསླད་སྐྱོན་གཏོང་བའི་བཅོས་སྐྱོང་ཇེ་མགྱོགས་སུ་གཏོང་བ། བྱེ་འགོག་བྱེ་བཅོས། ལྗང་སྒྱུར་ནགས་བསྐྲུན་སོགས་ཀྱི་རྣམ་གྲངས11གི་མྱུར་ཚད་ཇེ་མགྱོགས་སུ་བཏང་ལ། གཞན་ཡང་རྒྱུན་མཐུད་ངང“ཕྱུགས་འཚོ+གཟན་ཆས་སྟེར་བ+ར་སྐོར་ནང་གསོ་བ”བཅས་ཟུང་འབྲེལ་གསུམ་དང་བསྟུན་ནས་གསོ་སྤེལ་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ་མིས་ཐབས་ལ་བརྟེན་ནས་རྩྭ་ར་འདེབས་གསོ་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་རེད། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།