འབར་ཁམས་སུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཟིག་མངོན་པ།

3.jpg

4.jpg

པར་འདི་གཉིས་ནི་རི་སྐྱེས་སྲོག་ཆགས་གཟིག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། འབར་ཁམས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ལས་དོན་མི་སྣས་རྫོང་འབུར་ཡུལ་ཚོ་རྩེ་ལའི་སྒང་གྲོང་ཚོའི་མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་གཟིག་དང་འདྲ་བ་ཞིག་མཐོང་རྗེས། ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་དེའི་འབྲེལ་ཡོད་བརྙན་དང་པར་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཁང་དུ་སྐྱེལ་ནས་ཆེད་མཁས་མི་སྣའི་ཐག་གཅོད་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཟིག་ཡིན་པར་ཐག་བཅད་པ་རེད།

རྗེས་མར་འབར་ཁམས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་སུ་རི་སྐྱེས་སྲོག་ཆགས་གཟིག་གི་ཁྱུ་ཚོགས་ཡོད་མེད་ལ་བརྟག་དཔྱད་གཏིང་ཟབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།