​མཐོ་སྒང་གི་སྦྲང་རྩི་ལ་བརྟེན་ནས་ཁྲོ་ཆུའི་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བ་རོལ་པ།

3.jpg

པར་འདི་ནི་མང་ཚོགས་ཀྱིས་སྦྲང་མ་གསོ་བཞིན་པའི་ཚུལ་རེད།

4.jpg

པར་འདི་ནི་སྦྲང་གསོའི་རྟེན་གཞི་ཞིག་རེད། 

5.jpg

པར་འདི་ནི་མཐོ་སྒང་གི་སྦྲང་རྩི་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས12ཉིན། ཁྲོ་ཆུ་རྫོང་མུ་སུ་ཡུལ་ཚོ་ངོ་བཀའ་གྲོང་ཚོའི་སྦྲང་གསོ་རྟེན་གཞི་རུ་སྦྲང་མ་གསོ་མཁན་གྱིས་སྦྲང་མའི་འཚར་ལོངས་བྱུང་ཚུལ་ལ་བལྟ་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་གིས་ས་གནས་ཀྱི་ཁོར་ཡུག་གི་ཐོན་ཁུངས་ལེགས་ཆར་བརྟེན་ནས་སྦྲང་མ་གསོ་བའི་ཐོན་ལས་འཕེལ་རྒྱས་སུ་བཏང་ལ། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་གྲོང་རྡལ15ཡིས་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཚོགས་པ1བཙུགས་པ་དེས་ཆེད་ལས་མཉམ་ལས་ཁང7དང་སྦྲང་གསོ་དུད་ཚང400ཡི་སྣེ་ཁྲིད་དེ། “མཉམ་ལས་ཁང+ཆེད་ལས་མཉམ་ལས་ཁང+ཞིང་དུད”ཀྱི་ཐོན་ལས་དཔེ་དབྱིབས་ཤིག་ཆགས་ཡོད།

2020ལོར་ཁྲོ་ཆུ་རྫོང་གི་སྦྲང་མ་གསོ་ཚད་ཁྲི2.1ལ་སླེབས་པ་དང་། སྦྲང་རྩི་ཏུན200ཐོན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི2000ཟིན་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།