སེར་ཤུལ་རྫོང་དེ་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་བ།

3.jpg

4.jpg

5.jpg

6.jpg

7.jpg

3.jpg

པར་འདི་དག་ནི་སེར་ཤུལ་རྫོང་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་དང་མཛེས་ལྗོངས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ས་མཚམས་དང་། མཚོ་བོད་མཐོ་སྒང་གི་ཤར་ལྷོ་རྒྱུད་དེ་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད།

ཤེས་གསལ་ལྟར་ན། དཀར་མཛེས་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་རྫོང་ཁོ་ན་ཡིན་པའི་ཆ་ནས། སེར་ཤུལ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གཙོ་བོ་དང་ཆུ་ཁུངས་གསོག་ཉར་ཁུལ་གཙོ་བོ་ཡིན་ལ། སྐྱེ་ཁམས་བདེ་འཇགས་འབུར་དུ་ཐོན་པས་འགན་འཁྲི་ཤིན་ཏུ་ལྗིད། ཉེ་བའི་ལོ་ཤས་རིང་ས་གནས་ཀྱིས་དོན་དངོས་དང་བསྟུན་ནས“ཀྲུང་ཧྭ་ཆུ་ལྕོག”གི་སྲུང་སྐྱོང་པའི་འགན་ཁུར་ཡོད།

སེར་ཤུལ་རྫོང་ཁོངས་སུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་བརྗིད་ཉམས་ལྡན་པའི་གངས་རི། ལང་ལོང་དུ་རྒྱུག་པའི་ཆུ་བོ། སྐར་ཚོགས་བཞིན་ཁྱབ་པའི་མཚེའུ། ཚང་ཚིང་དུ་བཞུར་བའི་ཆུ་ཕྲན་བཅས་དང་། ན་ཐང་དང་དེའི་སྟེང་གི་སྦྲ་གུར། ནོར་ལུག་སོགས་ཀྱིས་རྩྭ་ཐང་གི་ཐུན་མོང་མ་ཡིན་པའི་རི་མོ་ཞིག་ངང་གིས་གྲུབ་ཡོད། སེར་ཤུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་སུ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རྫོང་ཁོངས་སུ་རྐྱང་དང་ཤྭ་བ་མཆུ་དཀར། ཁྲུང་ཁྲུང་སྐེ་ནག འབྲོང་། གཙོད། མཚོ་གླག་སོགས་ཀྱི་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་ཡོད་པས། དེ་ལ“མཛེས་སྡུག་གི་རྩྭ་ཐང་། མེ་ཏོག་གི་རྒྱ་མཚོ། སྲོག་ཆགས་ཀྱི་ཞིང་ཁམས”ཞེས་འབོད་ཀྱིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།