རྔ་བ་ཁུལ་གྱིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག ཉི་གློག་གསར་སྤེལ་ཆེད་དོན་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ་ཆོས་རྒྱས་དང་ཡེ་ཆི་ཅུན།)ཟླ8པའི་ཚེས27ཉིན། རང་ཁུལ་གྱིས་ཐྰན་རྩེ་ཐོན་དང་ཐྰན་སྙོམ་པ། ཉི་གློག་གསར་སྤེལ་ཆེད་དོན་ཚོགས་འདུ་འཚོགས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ་ཚོགས་འདུར་ཕེབས་ཤིང་གཏམ་བཤད་གནང་། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཅི་ཡུའེ་ཡིས་ཚོགས་འདུའི་གཙོ་འགན་བཞེས། ཁུལ་དཔོན་གཞོན་པ་ཧྥེང་ཡུས་ཚོགས་འདུར་ཕེབས།

ཚོགས་འདུ་རུ་ལུའོ་ཀྲེན་ཧྭས་བསྟན་དོན། ཐྰན་རྩེ་ཐོན་དང་ཐྰན་སྙོམ་པ་པའི་ཐྰན་ཟུང་ལས་དོན་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཐྰན་ཟུང་ལས་དོན་ལེགས་པར་སྒྲུབ་པའི་ལས་འགན་ཤིན་ཏུ་ལྕི་ཞིང་དོན་སྙིང་ཟབ་མོ་ལྡན། རིམ་པ་སོ་སོའི་སྡེ་ཁག་སོ་སོས་སྔར་བས་ལྷག་པའི་སྒོ་ནས་གནས་ཚད་མཐོར་འདེགས་དང་བསམ་བློའི་ངོས་འཛིན་གཏིང་ཇེ་ཟབ་ཏུ་གཏོང་དགོས་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་བསམ་བློ་ལག་ཏུ་བསྟར་བ་དང་། ཐྰན་ཟུང་ལས་དོན་ནི་རང་ཁུལ་གྱི་དཔལ་འབྱོར་རིགས་སྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ངོས་ཟིན་པར་བྱས་ཏེ། རང་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རམ་འདེགས་བྱ་དགོས། ཐྰན་ཟུང་ལས་དོན་ལེགས་པར་སྒྲུབ་པ་ནི་ཁུལ་ཡོངས་ཀྱིས་ཆབ་སྲིད་ཀྱི་ནུས་པ་གསུམ་མཐོར་འདེགས་གཏོང་བའི་ཐབས་ལམ་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་ལྗང་མདོག་རིགས་སྒྱུར་གྱིས་སྣེ་ཁྲིད་དེ། ནུས་ཁུངས་འཛད་གྲོན་གྱི་ཚོད་འཛིན་གཉིས་དང་། ཉི་གློག་གསར་སྤེལ།སྐྱེ་ཁམས་ཐན་བསྡུའི་ནུས་པ་མཐོར་འདེགས་སོགས་གཙོར་བཟུང་ནས། ཐྰན་ཟུང་ལས་དོན་ལེགས་པར་བསྒྲུབས་ཏེ། ལས་དོན་སོ་སོ་རྔ་ཁུལ་དུ་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

ལུའོ་ཀྲེན་ཧྭ་ཡིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་བའི་ཐད་བཏོན་པའི་དཔྱད་བརྗོད་གལ་ཆེན་ལག་བསྟར་ནན་མོ་བྱ་བ་དང་། གོ་སྐབས་དམ་འཛིན་དང་རྣག་ཐོག་ཁབ་གཙག་གིས་ཐྰན་ཟུང་ལས་དོན་ལ་སྐུལ་འདེད་བྱ་དགོས། ཕྱོགས་ཡོངས་ནས་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལྟ་བ་ལག་ཏུ་བསྟར་ནས། ཐྰན་རྩེ་ཐོན་དང་ཐྰན་སྙོམ་པ་དམིགས་འབེན་དུ་བཟུང་ཞིང་། ཚད་གཞི་མཐོན་པོ་དང་དམངས་ལ་ཕན་པ། མུ་སྤེལ་གྱི་བླང་བྱ་གཞིར་བཟུང་ནས། ཉི་གློག་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནན་མོ་བཏང་སྟེ། མགྱོགས་མྱུར་ཏུ་རྒྱལ་ཁབ་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་དགོས། སྤུས་ཚད་མཐོན་པོས་ལག་བསྟར་འཆར་གཞི་བཟོ་བ་དང་། ཚད་གཞི་མཐོན་པོས་ནུས་ཁུངས་གཅིག་གྱུར་གསར་སྤེལ་བྱ་དགོས།

ཚོགས་འདུ་རུ་ཁུལ་འཕེལ་བསྒྱུར་ཨུ་དང་ཁུལ་འབྱོར་འཕྲིན་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཁུལ་རྩིས་ཞིབ་ཅུས། ཝུན་ཁྲོན། ལིས་རྫོང་། མའོ་རྫོང་བཅས་ཀྱིས་གཏམ་བཤད་སྤེལ།

ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས་སོ།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།