རྔ་བའི་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ཡུལ་དངོས་སུ་སྐྱེ་ཁམས་ཁོར་སྲུང་གི་ལྟ་ཞིབ་གནད་དོན་དག་ཐེར་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་ལྔ་བས་སི་ཁྲོན་ལ་ལྟ་ཞིབ་ཀྱི་སྐུལ་སློང་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ལར་བསུ་བ་བྱེད་པའི་ལས་དོན་ཁག་ནུས་ཤུགས་གང་ཡོད་ཀྱིས་ལེགས་པར་བསྒྲུབ་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁུལ་རིམ་ལས་བྱེད་པས་འཐབ་ཕྱོགས་དང་པོར་གཤམ་སྤྲོད་བྱས་ཏེ་ཁག་བགོས་དོ་དམ་ཁྱབ་ཁོངས་དང་འབྲེལ་གཏུག་རྫོང་(གྲོང་ཁྱེར)གི་སྐྱེ་ཁམས་ཁོར་ཡུག་གནད་དོན་བཅོས་སྒྲིག་ལ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་སྲུང་བཅོས་སྐྱོང་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་མཛུབ་ཁྲིད་བླང་བྱ་གཞིར་བཟུང་། ཉེ་དུས། ཁུལ་རིམ་ལས་བགོས་དོ་དམ་འགོ་ཁྲིད་ཀྱིས་རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱས་ནས་རྫོང་(གྲོང་ཁྱེར)དུ་བསྐྱོད་དེ་ཁྱབ་ཁོངས་མང་བའི་གཙོ་གནད་གནད་དོན་བཅོས་སྒྲིག་ལ་ལྟ་སྐུལ་མཛུབ་ཁྲིད་དང་ལྟ་སྐུལ་སྤྱི་འདོམས་བྱས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།