པར་འདི་གཉིས་ནི་ལས་དོན་མི་སྣས་མི་རྣམས་ལ་འགོག་སྨན་རྒྱག་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་ཆོད་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བྱ་ཆེད། ཉེ་ལམ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་དགའ་གུ་ཡུལ་ཚོས་རིན་མི་དགོས་པར་རླངས་འཁོར་གྱིས་སྐྱེལ་བསུ་བྱེད་པའི་རྣམ་པས་རིམས་འགོག་སྨན་ཁབ་བརྒྱབ་མེད་པའི་ཁྱིམ་སྡོད་རྒན་རྒོན70ཙམ་འགོག་སྨན་རྒྱག་སར་ཁྲིད་ནས་འགོག་སྨན་བརྒྱབ་པ་དང་། ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་འགོག་སྨན་རྒྱག་ཏུ་ཡོང་བའི་རྒན་རྒོན་རྣམས་ལ་འབྲེལ་ཡོད་ཞབས་ཞུ་བསྒྲུབས་པ་རེད།
ཤེས་གསལ་ལྟར་ན། ཐེངས་འདིའི་འགོག་སྨན་རྒྱག་མཁན་འདྲི་ཏོ་ཡུལ་ཚོ་དང་གློ་འབག་ཡུལ་ཚོ། དྷ་ཅི་ཤྲ་ཡུལ་ཚོ། སྟི་རུ་ཡུལ་ཚོ་སོགས་ཀྱི་གྲོང་རྡལ་དང་ཁོངས་གཏོགས་ཁུལ་གྱི་ཨར་ལས་སྡེ་ཚན་ཡོངས་སུ་ཁེབས་ཡོད་པ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
རྔ་བ་ཁྲོ་ཆུ་རྫོང་གིས་རྒན་རྒོན་རྣམས་ལ་རིམས་འགོག་སྨན་ཁབ་རྒྱག་པར་འགན་སྲུང་བྱས།