སི་ཁྲོན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྟེང་མཛོད་དགེ་རྫོང་གི་ཚོང་འགུག་དངུལ་འདྲེན་རྣམ་གྲངས་སྒོར་དུང་ཕྱུར30ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་རྔ་བ་ཁུལ་གྱི2021ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་ཚོང་འགུག་དངུལ་འདྲེན་བྱ་བའི་ཚན་ཁག་ནས་ཤེས་གསལ་ལྟར་ན། མཛོད་དགེ་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར30བཏང་ནས་ཚོང་འགུག་དངུལ་འདྲེན་རྣམ་གྲངས20གྲ་སྒྲིག་བྱས།

ཤེས་གསལ་ལྟར་ན། མཉམ་ལས་ཀྱི་འདུན་པ་ཡོད་པའི་རྣམ་གྲངས8ཀྱི་མ་འཇོག་སྒོར་དུང་ཕྱུར7.9ཡི་ཁྲོད། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྟེང་གན་རྒྱ་བཞག་པའི་རྣམ་གྲངས4ཡི་སྤྱིའི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར6.35ཟིན་ཡོད། དེའི་ནང་རྐྱང་ཚ་ཆུ་ཚན་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ཀྱི་སྤྱིའི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར2ཡིན་ལ། དུས་སྐབས་གཉིས་སུ་བགོས་ནས་ཡུལ་སྐོར་པའི་ལྟེ་གནས་དང་། སྒེར་འཁོར་བཏང་ནས་འགྲོ་ས། ཕྱི་རོལ་ནས་ཡུལ་སྐོར་བྱེད་ས་སོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་དང་། “དུས་རབས་ཐང་ཆེན”གྲོང་ཁྱེར་གྱི་ཚོང་དོན་ཕྱོགས་བསྡུས་རང་བཞིན་གྱི་འཛུགས་སྐྲུན་རྣམ་གྲངས་ལ་བསྡོམས་པས་སྒོར་དུང་ཕྱུར2.1གི་མ་དངུལ་འཇོག་རྩིས་ཡོད། འཛུགས་སྐྲུན་སྲང་ལམ་ལྷོ་མ་རུ་ཆང་ཁང་དང་སྤྲོ་གསེང་། ཉོ་སྒྲུབ་སོགས་གཅིག་འདུས་ཀྱི་ཚོང་ཁང་ཆེན་མོ་འཛུགས་སྐྲུན་བྱ་རྒྱུ་དང་། ནུབ་ཁུལ་དུ་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་དང་ཞིམ་ཟས་ཐང་ཆེན། རིག་གནས་ཚོང་འདུས་སོགས་ཚུད་པའི་གསར་གཏོད་སྲང་ལམ་འཛུགས་སྐྲུན་བྱ་རྒྱུ་ཡིན། གཞན་ཡང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.1བཏང་སྟེ་གྲོང་གསེབ་དར་སྤེལ་སྤྲོ་གསེང་ཡུལ་སྐོར་གླིང་སོགས་ཀྱི་རྣམ་གྲངས་མང་པོ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།