འབྲི་ཆུ་དང་རྨ་ཆུའི་འབྱེད་མཚམས་སུ་ཆགས་པའི་རྐ་ཁོག་འབྲོག་དམངས་ཀྱི་འཚོ་བའི་འགྱུར་ལྡོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམར་དམག་བསྐྱོད་མྱོང་བའི་རྩྭ་ཐང་སྟེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྐ་ཁོག་རྫོང་གི་ས་བབ་སྨི4000ཙམ་ཡོད་པའི་ཚལ་ཕྲན་ཉག་ཁ་བརྒལ་ན། དེ་ནི་མིང་དུ་གྲགས་པའི་འབྲི་ཆུ་དང་རྨ་ཆུའི་འབྱེད་མཚམས་ཡིན། རྔམ་བརྗིད་ཀྱི་རི་ཀླུང་ཁྲོད། ལྷོ་རྒྱུད་ནི་འབྲི་ཆུའི་འབབ་རྒྱུད་དང་བྱང་ངོས་ནི་རྨ་ཆུའི་འབབ་རྒྱུད་ཡིན། རི་འདབས་ཀྱི་ལྷ་རྒྱལ་གླིང་གྲོང་རྡལ་ཟངས་དཀར་སྡེ་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི2ཙམ་ལ་སླེབས་ཤིང་། རྔ་བ་ཁུལ་ཡོངས་ཀྱི་འབྲོག་ཁུལ་སྡོད་དམངས་རྣམས་དབུལ་ཐར་གྱི་ཀྱག་ཀྱོག་གི་བགྲོད་ལམ་ལས་བརྒལ་ནས། རིགས་སོ་སོའི་མང་ཚོགས་ཁྲི80ཡིས་བདེ་སྐྱིད་འཚོ་བའི་བགྲོད་ལམ་གསར་བར་བསྙེགས་ཡོད།

1.jpg

པར་འདི་ནི2021ལོའི་ཟླ8པའི་ཚེས13ཉིན་པར་བླངས་པའི་རྔ་བ་ཁུལ་རྐ་ཁོག་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་ཟངས་དཀར་སྡེ་བའི་རྣམ་པ་རེད།

2.jpg

པར་འདི་ནི2021ལོའི་ཟླ8པའི་ཚེས13ཉིན་རྔ་བ་ཁུལ་རྐ་ཁོག་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་ཟངས་དཀར་སྡེ་བའི་འོ་ཞོའི་མཐུན་ཚོགས་སུ་འགྲུལ་བས་འབྲི་ཞོ་ཉོ་བཞིན་པའི་ཚུལ་རེད།

3.jpg

པར་འདི་ནི་སྡེ་མི་ཚེ་དཔལ་རྒྱལ་གྱི་སྡོད་ཁང་གསར་རྙིང་གཉིས་རེད། 

4.jpg

གོང་གི་པར་ནི་ཟངས་དཀར་སྡེ་བའི་སྡེ་མི་ཨ་དོན་གྱི་སྡོད་ཁང་གསར་བའི་ནང་གི་བཀོད་པ་དང་འོག་གི་པར་ནི་ཨ་དོན་གྱི་སྡོད་ཁང་རྙིང་བའི་ནང་གི་བཀོད་པ་རེད།

5.jpg

འདི་ནི་སྡེ་མི་ཨ་དོན་གྱི་སྡོད་ཁང་གསར་རྙིང་གི་ཕྱིའི་རྣམ་པ་རེད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།