སྐུ་བླ་གཞི་བདག་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས299631སྣེ་ལེན་བྱས།

2.jpg

པར་འདི་ནི་སྐུ་བླ་གཞི་བདག་གི་ཡུལ་སྐོར་བ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སྐུ་བླ་གཞི་བདག་ལྗོངས་ཁུལ་ནས་ཤེས་གསལ་ལྟར་ན། ཟླ1པོ་ནས7པའི་བར་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས299631སྣེ་ལེན་བྱས་པ་དང་དུས་མཉམ་ལས188.87%འཕར་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི1887.61མངོན་འགྱུར་བྱས་པ་དེ་དུས་མཉམ་ལས182.86%འཕར་ཡོད། 

རྒྱུས་ལོན་པ་ལྟར་ན། 2021ལོའི་སྐུ་བླ་གཞི་བདག་ལྗོངས་ཁུལ་གྱིས་སྣེ་ལེན་བྱས་པའི་ཡུལ་སྐོར་བའི་ཚོགས་པ་དང་སྒེར་བསྐོར་ཡུལ་སྐོར་བའི་བསྡུར་ཚད1:5.6ཡིན་པ་དང་། ཡུལ་སྐོར་བ་གཙོ་བོ་སྒེར་བསྐོར་ཡུལ་སྐོར་བ་ཡིན། མང་ཆེ་ཤས་ནི་སི་ཁྲོན་དང་ཁྲུང་ཆིན། པེ་ཅིང་། ཧྲང་ཧེ། ཀོང་ཏུང་བཅས་ནས་ཐོན་པའི་ཡུལ་སྐོར་བ་ཡིན་ལ། སི་ཁྲོན་གྱི་ཡུལ་སྐོར་བ54.13%དང་ཁྲུང་ཆིན་གྱི་ཡུལ་སྐོར་བ4.40%། པེ་ཅིང་གི་ཡུལ་སྐོར་བ1.21%། ཧྲང་ཧེའི་ཡུལ་སྐོར་བ2.56%། ཀོང་ཏུང་གི་ཡུལ་སྐོར་བ2.32%བཅས་ཟིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།