གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་རྔ་བའི་མཚམས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།

2.jpg

4.jpg

པར་འདི་ནི་འཛུགས་སྐྲུན་བྱེད་བཞིན་པའི་རྔ་བའི་མཚམས་ཀྱི་གཞུང་ལམ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་རྔ་བའི་མཚམས་ཀྱི་ཨར་ལས་ཡུལ་དངོས་སུ་ལས་དོན་མི་སྣ་ལས་ལ་བྲེལ་བཞིན་ཡོད། 

གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་ཞིང་ཆེན་གྱི་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཁོར་སྲུང་དཔེ་སྟོན་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་པ་མ་ཟད། སི་ཁྲོན་གྱི་ས་བབ་མཐོ་བའི་མཐོ་སྒང་གི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་ལ། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སི་ཁྲོན་ནས་བརྒལ་བའི་མྱུར་བགྲོད་གཞུང་ལམ་ཆེན་མོ་ཐོག་མའང་ཡིན། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དེའི་རིང་ཚད་ལ་སྤྱི་ལེ219ཡོད་པ་དང་། རགས་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར302བཏང་ཡོད་ལ། འཛུགས་སྐྲུན་དུས་ཡུན་ལོ5ཡིན། གཞུང་ལམ་དེ་སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གྱི་ས་མཚམས་ནས་མགོ་བརྩམས་ཏེ་རྔ་བ་ཁུལ་གྱི་རྔ་བ་རྫོང་དང་ཧུང་ཡོན་ནས་འབར་ཁམས་གྲོང་ཁྱེར་ཝང་ཅ་ཀྲའེ་བརྒྱུད། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཝང་ཅ་ཀྲའེ་དང་ཕན་ཚུན་སྦྲེལ་ཡོད།

གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་མཇུག་རྫོགས་རྗེས། ཁྲེང་ཏུའུ་གྲོང་ཁྱེར་སྐོར་བའི་མྱུར་བགྲོད་གཞུང་ལམ་ནས་མགོ་བརྩམས་དུས་དུས་ཚོད5དང་ཕྱེད་ཀ་ཡས་མས་སུ་སི་ཁྲོན་དང་མཚོ་སྔོན་གྱི་ས་མཚམས་སུ་སླེབས་པ་དང་། མིག་སྔའི་དུས་ཚོད་དང་བསྡུར་ན1/3ཇེ་ཐུང་དུ་བཏང་ཡོད། དེ་དང་ཆབས་ཅིག་ཏུ་རྔ་བ་ཁུལ་གྱི་འགྲིམ་འགྲུལ་ཕྱིར་བསྐྱོད་ཆ་རྐྱེན་ཡང་སྔར་ལས་མཐོར་འདེགས་སུ་བཏང་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།