​དར་རྩེ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་གསོ་སྐྱོང་ལས་དོན་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་འཇགས་ཀྱི་ནགས་ཚལ་སྐྱེ་ཁམས་མ་ལག་གསོ་སྐྱོང་དང་། ནགས་ཚལ་སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མཐོ་རུ་གཏོང་ཆེད། དར་རྩེ་མདོ་གྲོང་ཁྱེར་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་། ད་ལོ་ནས་བཟུང་གྲོང་ཁྱེར་འདིའི་ནགས་ཚལ་རྩྭ་ཐང་ཅུའུ་ཡི་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་སྲུང་སྐྱོང་དོ་དམ་ཅུའུ་ཡིས2021ལོའི་ནགས་ཚལ་གསོ་སྐྱོང་གི་ལས་དོན་ལག་བསྟར་བྱས་ནས། ད་ཡོད་ཀྱི་ནགས་ཚལ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྐྱོང་དང་། ནགས་ས་ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས། ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས། སྤུས་ལེགས་དང་ཐོན་འཕར། ནུས་པ་ལྡན་པ་བཅས་ཀྱི་ནགས་ཚལ་ཐོན་ཁུངས་གསོ་སྐྱོང་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ8པར་གྲོང་ཁྱེར་དེའི་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་དོ་དམ་ཅུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ནགས་ཚལ་མེ་ཟོན་འགན་ལེན་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་བདག་སྐྱོང་དང་ཆེད་ལས་མེ་གསོད་རུ་མི། དེ་བཞིན་ས་གནས་དེ་གའི་གྲོང་མི་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་གསོ་སྐྱོང་གི་ལས་གཞི་དམ་དུ་བཟུང་ནས། “བདེ་འཇགས་ཐོན་སྐྱེད་དང་ལས་ཕྱོད་ཆེ་རུ་གཏོང་བའི”རྩ་དོན་གཞིར་བཟུང་། རྒྱལ་ཁབ་ལ་དབང་བའི་ནགས་ཚལ་གསོ་སྐྱོང་ལས་སྒྲུབ་ཤེས་བྱ་དང་། བདེ་འཇགས་ཐོན་སྐྱེད་གསོ་སྦྱོང་དང་ལས་སྒྲུབ་ཟུང་འབྲེལ་བྱས་ཏེ། ད་ལོའི་ལོ་འཁོར་གྱི་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་གསོ་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས།

ནགས་ཚལ་ཐོན་ཁུངས་བདེ་འཇགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྐྱོང་བྱེད་པ་དང་། ནགས་ཚལ་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ནགས་ཚལ་ཐོན་ཁུངས་ལ་ནུས་པ་ལྡན་པའི་སྲུང་སྐྱོང་བྱེད་པ་བཅས་བྱ་ཆེད། ཅུའུ་དེ་ཡིས་ཚད་གཞི་ཅན་གྱི་ལས་སྒྲུབ་ས་ཚིགས་འཛུགས་པ་དང་། གསོ་སྐྱོང་ཡོ་བྱད་བཀོད་སྒྲིག་དང་ཨར་སྐྲུན་ལས་ཀ་ཟིན་ཐོར་འགོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐོ་འགོད་དེབ་འགོད་པ་བཅས་བྱས། ཐོན་སྐྱེད་བྱེད་སྐབས་ཅུའུ་ཡི་ཚན་ཁག་གི་ཁོངས་མིས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ཞིབ་བཤེར་དང་ལག་རྩལ་པས་རྗེས་སྙེགས་ལས་བསྒྲུབས། ཐོན་སྐྱེད་གསོ་སྐྱོང་བྱེད་པའི་བདེ་འཇགས་དང་སྤུས་ཚད་ཀྱི་འགག་སྒོ་སྲུང་བ་དང་། རྒྱལ་ཁབ་ལ་དབང་བའི་ནགས་ཚལ་གསོ་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།