སི་ཁྲོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུས་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས17ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུས་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་རུ་དཔུང་གི་སློབ་གསོ་དག་ཐེར་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་། ཕྱོགས་ཡོངས་ནས་རྒྱལ་ཡོངས་དང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་རུ་དཔུང་གི་རིམ་པ་གཉིས་པའི་སློབ་གསོའི་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་དང་། སྲིད་ཁྲིམས་ཨུའི་སྡེ་ཁག་གི་སློབ་གསོའི་དག་ཐེར་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས། ཞིང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་ཁྲིམས་ཨུའི་སློབ་གསོའི་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཏེང་ཡུང་ཚོགས་འདུར་ཕེབས་ཤིང་གཏམ་བཤད་གནང་།   

ཚོགས་འདུས་བསྟན་དོན། སྲིད་ཁྲིམས་རུ་དཔུང་གི་རིམ་པ་དང་པོའི་སློབ་གསོའི་དག་ཐེར་སྤེལ་བ་ནས་བཟུང་། ཞིང་ཨུའི་འགྱུར་མེད་ཀྱི་དབུ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྡེ་ཁག་སོ་སོས་ལས་དོན་ཐབས་ལམ་རབ་དང་རིམ་པ་སྤྱད་དེ། འབུར་དུ་ཐོན་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་ཟིན་ལ། སྲིད་ཁྲིམས་ཉེན་རྟོག་པའི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་མང་པོར་ཞིབ་བཤེར་ནན་མོ་བྱས། སྲིད་ཁྲིམས་རུ་དཔུང་གི་ཆབ་སྲིད་ལ་བློ་དཀར་ཟོལ་མེད་དང་། སྒྲིག་ཁྲིམས་འདུ་ཤེས། སྒྲིག་སྲོལ་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ཡོད་པ་དང་། ཆབ་སྲིད་ཀྱི་ཆུ་ཚད་དང་ལས་ཀའི་འཇོན་ཐང་སྔར་ཇེ་མཐོར་ཕྱིན་ཡོད་པ་མ་ཟད། མི་དམངས་མང་ཚོགས་སྔར་བས་བདེ་ཞིང་སྐྱིད་པ་བྱུང་ཡོད། སྲིད་ཁྲིམས་རུ་དཔུང་གི་རིམ་པ་གཉིས་པའི་སློབ་གསོའི་དག་ཐེར་མགོ་བརྩམས་པ་དང་། ཞིང་ཨུའི་སྲིད་ཁྲིམས་ཨུས་ཆབ་སྲིད་གནས་ཚད་ཇེ་མཐོར་བཏང་ནས། ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དང་། རང་ཉིད་གསར་བརྗེ་ཕོད་པ། སྲིད་ཁྲིམས་ལས་ཀ་སྤུས་ཚད་མཐོན་པོའི་གོང་འཕེལ་གཏོང་བ། འགོ་ཁྲིད་སྡེ་ཁག་གི་སྣེ་ཁྲིད་དཔེ་སྟོན་ནུས་པ་བཅས་ཀྱིས་སློབ་གསོའི་དག་ཐེར་གྱི་དོན་སྙིང་གལ་ཆེན་རྟོགས་པར་བྱ་དགོས་ལ། འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་འདུ་ཤེས་ཇེ་རུ་བསྐྱེད་དེ། སློབ་གསོའི་དག་ཐེར་ལ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།       

ཚོགས་འདུས་བསྟན་དོན། སློབ་སྦྱོང་སློབ་གསོ་དམ་པོར་འཛིན་དགོས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཟུང་འབྲེལ་སྒོས་ཆབ་སྲིད་སློབ་གསོའི་སྣེ་ཁྲིད་ནུས་པ་དང་། ཉེན་བརྡའི་སློབ་གསོའི་འཇིགས་སྣང་སློང་བ། དཔའ་བོའི་མཛད་རྗེས་ཀྱིས་ཡིད་དབང་འགུག་པར་ཤུགས་བསྣན་ཏེ། བློ་གཀར་གཞུང་དྲང་གི་རྨང་གཞི་བརྟན་པོ་བསྐྲུན་དགོས། གྱོད་བཤེར་བསྒྱུར་བཅོས་དམ་པོར་འཛིན་དགོས། རང་བཤེར་གུ་ཡངས་དང་གཞན་བཤེར་ནན་མོ་ཡིན་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་གྱོད་རང་བཤེར་གྱི་སྒུལ་ཤུགས་ཇེ་མཐོར་གཏོང་བ་དང་། རྩ་འཛུགས་ཞིབ་བཤེར་གྱི་འཇིགས་སྣང་ལེགས་པར་སྤྱད་དེ། གོམས་གཤིས་ངན་པ་བསྒྱུར་བཅོས་ཀྱི་ཕན་འབྲས་མཐོར་འདེགས་བཏང་ནས། དྭངས་གཙང་གི་རྨང་གཞི་བསྐྲུན་དགོས། ཕྱོགས་བསྡོམས་མཐོར་འདེགས་དམ་པོར་འཛིན་དགོས། སྒྲིག་སྲོལ་ལམ་ལུགས་བཟོ་བར་ཤུགས་སྣོན་པ་དང་། ཞིབ་དཔྱད་ཚད་ལེན་ལེགས་པོ་སྒྲུབ་པ། གྲུབ་འབྲས་བེད་སྤྱོད་ལ་འབད་དེ་སློབ་གསོའི་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།     

ཚོགས་འདུས་བསྟན་དོན། ཕྱོགས་ཡོངས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། སྲིད་ཁྲིམས་ཨུའི་སློབ་གསོའི་དག་ཐེར་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་འགན་འཁྲི་ཕྲག་ཏུ་བླངས་ཤིང་རྡོག་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་གཅིག་སྒྲིལ་དང་། ཁྱོན་ཡོངས་མཉམ་འབྲེལ་གྱིས་ཞིང་ཨུའི་སྐོར་ཞིབ་དང་སློབ་གསོའི་དག་ཐེར་ལས་དོན་ཟུང་འབྲེལ་གྱི་སྒོ་ནས། སྲིད་ཁྲིམས་ཨུའི་སྡེ་ཁག་གི་སློབ་གསོའི་དག་ཐེར་དང་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་རུ་དཔུང་གི་རིམ་པ་གཉིས་པའི་སློབ་གསོའི་དག་ཐེར་གཉིས་གཅིག་གྱུར་སྒོས་སྐུལ་འདེད་གཏོང་དགོས་ལ། མི་དམངས་མང་ཚོགས་ཀྱི་ཡིད་མགུ་ཚད་ནི་སློབ་གསོའི་དག་ཐེར་གྱི་ཚད་ཤིང་ཏུ་བཟུང་ནས། སི་ཁྲོན་སྲིད་ཁྲིམས་ཀྱི་དམངས་ཕན་ལས་འགུལ་ཆེན་མོ་བཅུར་རྩ་འཛུགས་ལེགས་པོར་བྱ་དགོས་ལ། སློབ་གསོའི་དག་ཐེར་གྲུབ་འབྲས་ཀྱིས་རུ་དཔུང་ལས་བྱེད་པའི་ལས་འགན་ཕྲག་ཏུ་ལེན་པར་རྟིང་སྐུལ་བྱ་དགོས། སྤུས་ཚད་མཐོན་པོའི་སྒོ་ནས་ལས་དོན་སོ་སོ་ལེགས་པར་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།