རྔ་བ་མཐོ་སྒང་དུ་སྔོ་ཚལ་བསྡུ་བའི་ལས་ལ་བྲེལ།

2.jpg

པར་འདི་ནི་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་ར་སྐོར་གྲོང་ཚོའི་སྔོ་ཚལ་རྟེན་གཞི་རེད།

3.jpg

པར་འདི་ནི་ཞིང་ལས་ཚན་རྩལ་མི་སྣས་ཚོད་མ་ཨོ་སོན་གྱི་སྐྱེས་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།

4.jpg

པར་འདི་ནི་འབར་ཁམས་རྫོང་འགག་གྲོང་རྡལ་དམ་པོ་གྲོང་ཚོའི་སྔོ་ཚལ་རྟེན་གཞི་རེད།

5.jpg

པར་འདི་ནི་སྔོ་ཚལ་རྟེན་གཞི་ནང་དུ་ལས་ཀ་ལས་བཞིན་པའི་ཞིང་བ་རྣམས་རེད།

6.jpg

པར་འདི་ནི་ཞིང་བ་ཚོས་ཨོ་སོན་བསྡུ་བཞིན་པའི་ཚུལ་རེད།

7.jpg

པར་འདི་ནི་ཞིང་ལས་ཚན་རྩལ་མི་སྣས་ཞིང་བའི་དྲི་བར་ལན་འདེབས་བཞིན་པའི་ཚུལ་རེད།

8.jpg

པར་འདི་ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་སྐྱ་དྭངས་གྲོང་ཚོའི་སྔོ་ཚལ་རྟེན་གཞི་རེད། 

སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་བཏང་བ་བརྒྱུད། མཐོ་སྒང་གི་སྔོ་ཚལ་འདེབས་འཛུགས་ཁུལ་དེ་ས་བབ་མཐོ་ཚད་སྨི1000ཡས་མས་ནས་ས་བབ་མཐོ་ཚད་སྨི3300ཙམ་ལ་སླེབས་པ་དང་། འདེབས་འཛུགས་རྒྱ་ཁྱོན་ས་ཞིང་མུའུ28ཙམ་ཟིན་ནས་ལོ་རེའི་ཁྱད་ལྡན་སྔོ་ཚལ་ཐོན་ཚད་ཏུན73ལ་སླེབས་ཡོད། དེས་མཐོ་སྒང་གི་མང་ཚོགས་ཀྱིས་སྔོ་ཚལ་ཟ་ཐུབ་པ་མ་ཟད་འབབ་འཕར་ཕྱུག་འགྱུར་ཐད་ནས་ཀྱང་ཐབས་ལམ་གསར་བ་རྙེད་པར་རམ་འདེགས་བྱས་ཡོད། 

འབར་ཁམས་རྫོང་རྫོང་འགག་གྲོང་རྡལ་དམ་པོ་གྲོང་ཚོའི་ས་བབ་མཐོ་ཚད་སྨི2600ཟིན་པ་དང་། སྔོན་ཆད་གྲོང་ཚོ་དེར་གཙོ་བོ་ཞོག་ཁོག་དང་མ་རྨས་ལོ་ཏོག་མ་གཏོགས་མི་སྐྱེས་ལ། ད་ལྟ་གྲོང་མི་ལྷ་རྒྱལ་ཚང་གི་ས་ཞིང་མུའུ10ནང་དུ་སྔོ་ཚལ་འདེབས་འཛུགས་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ800ལས་ས་ཞིང་མུའུ300ནང་སུར་པན་དང་ཨོ་སོན། སྲན་མ། ཀྲོ་མ་ཀྲུ་སོགས་བཏབ་ཡོད། 

མཛོད་དགེ་ཆོས་རྗེ་གྲོང་རྡལ་བྱང་རྩེ་སྨད་པ་གྲོང་ཚོའི་ས་བབ་མཐོ་ཚད་སྨི3000ཙམ་ཟིན་ཡོད་ལ། བོད་རིགས་མང་ཚོགས་རིན་ཚེ་ཕྱུག་ནི་སྔོན་ཆད་ཤིང་བཟོ་ཞིག་ཡིན་པ་དང་། རྗེས་སུ་ཁོས་སིལ་སྡོང་བཙུགས་པ་དང་སྔོ་ཚལ་མུའུ40ཡི་མེ་ཏོག་ཚལ། ཨོ་སོན་སོགས་བཏབ་ནས2020ལོའི་ཡོང་འབབ་སྒོར་ཁྲི40ལ་སླེབས་པ་རེད།

ས་བབ་མཐོ་ཚད་སྨི3300ཙམ་ཡིན་པའི་ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་སྐྱ་དྭངས་གྲོང་ཚོ་རུ་མིང་གྲགས་ཆེ་བའི་སྔོ་ཚལ་རྟེན་གཞི་ཞིག་བཙུགས་ཡོད་པ་དང་། སོ་མོ་གཙང་བོའི་གྲོག་རོང་བར་དུ་ས་ཞིང་མུའུ་སྟོང་ཙམ་གྱི་ཨོ་སོན་བཏབ་ཡོད་ལ། སྐྱ་དྭངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝུའུ་ཞན་ཡུང་གིས་བཤད་རྒྱུར“སྔོན་ཆད་ང་ཚོའི་གྲོང་ཚོ་རུ་ས་ཞིང་མུའུ་གཅིག་གི་ནང་དུ་ཞོག་ཁོག་རྒྱ་མ་བརྒྱ་ཕྲག་ཁ་ཤས་མ་གཏོགས་མེད”ཅེས་བསྟན། 

འགྲིམ་འགྲུལ་ཇེ་ལེགས་སུ་ཕྱིན་པ་དང་ཞིང་ལས་ཚན་རྩལ་ཁྱབ་གདལ་དུ་བཏང་བ། ལྷག་པར་དུ་དབུལ་ཐར་འགག་སྒྲོལ་བྱས་པའི་ཚུན་ཞིང་ཆུ་འདྲེན་པ་སོགས་ཀྱི་ཞིང་ལས་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། ‘དག་ཞིང་རྔ་བའི’ས་ཁོངས་ཚོང་རྟགས་ལ་བརྟེན་ནས་མཐོ་སྒང་གི་སྔོ་ཚལ་འདེབས་འཛུགས་ས་གནས་རིམ་བཞིན་ཇེ་མཐོ་ནས་ཇེ་མཐོ་དང་། སྔོ་ཚལ་འདེབས་འཛུགས་ལས་དོན་ཕྱོགས་ཡོང་ནས་གྲུབ་འབྲས་ཡག་པོ་བླངས་ཡོད་པས། རྔ་བ་ཁུལ་ཡོངས་ཀྱི་སྔོ་ཚལ་ཐོན་རྫས་རིན་ཐང་དེ་འདེབས་འཛུགས་ལས་རིགས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱིི21%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།