ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་མཚམས)ཀྱི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ7པའི་ཚུན། ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་མཚམས)གྱིས་བསྡོམས་པས་སྒོར་དུང་ཕྱུར183.333གྱི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་། དེའི་ཁྲོད2021ལོའི་ཟླ7པར་མ་དངུལ་སྒོར་དུང་ཕྱུར0.9དང་ཟླ1པོ་ནས་ཟླ7པའི་བར་མ་དངུལ་སྒོར་དུང་ཕྱུར8.31བཞག་པ་ལེགས་འགྲུབ་བྱུང་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ལན་ལྕགས་ལམ(རྔ་བའི་མཚམས)ལས་མགོ་ཚུགས་པ་ནས་བཟུང་། ཕུག་ལམ15ཚང་མ་ལས་མགོ་ཚུགས་པ་དང་དེ་འཆར་འགོད་སྤྱིའི་བསྡོམས་འབོར་གྱི98.10%ཟིན། ཟམ་པ་ཆེ་འབྲིང་ཆུང་གསུམ་བསྡོམས་པས37ལས་མགོ་ཚུགས་པ་དེ་སྤྱིའི་བསྡོམས་འབོར་གྱི99.244%ཟིན་ཡོད། སྒྲོམ་གཞིའི་ཟམ་པ3ལས་མགོ་ཚུགས་པ་དེ་སྤྱིའི་བསྡོམས་འབོར་གྱི100%ཟིན་ཡོད། གཞུང་ལམ་གྱི་རྨང་གཞིའི་ལམ་དུམ18ལས་མགོ་ཚུགས་པ་དེ་སྤྱིའི་བསྡོམས་འབོར་གྱི96.85%བཅས་ཟིན་ཡོད། 

ཁྲེང་ལན་ལྕགས་ལམ(རྔ་བའི་མཚམས)གྱིས་དམར་ཐིག་ནང་ཁོངས་སུ་ཡུན་རིང་སྤྱོད་པའི་ས་ཞིང་མུའུ4221.083དང་། དམར་ཐིག་ཕྱིའི་ཡུན་རིང་སྤྱོད་པའི་ས་ཞིང་མུའུ152.29དང་། གནས་སྐབས་སྤྱོད་པའི་ས་ཞིང་མུའུ8065.598བཅས་བསྡུ་ལེན་བྱས་ཡོད་པ་མ་ཟད། བཀོད་སྒྲིག་ས་ཚིགས་ཀྱི་ས་ཞིང་མུའུ733.03བསྡུ་ལེན་བྱས་ཏེ། བསྡོམས་པས་སྡོད་ཁང་ཁྱིམ་ཚང852བཤིག་སྤོ་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།