སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་རྫོང་དང་གྲོང་ཁྱེར་ཆུས་བཅས50ལ་རོགས་སྐྱོར་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས10ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྒྱལ་ཁབ་དང་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་མིང་འགྲེམ་སྤེལ་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་པ་དང་། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང25དང་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང25ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱིས་བྱ་བའི་དངོས་ཡོད་ལ་འབྲེལ་ནས་སྲིད་ཇུས་ཀྱི་གཟིགས་སྐྱོང་ལ་ཤུགས་སྣོན་པ་དང་། ཚད་ལེན་བརྟག་བཤེར་དཔྱད་འཇོག་ལ་ཤུགས་བསྣན་ཏེ་གཅིག་བསྡུས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།

རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང25ནི། རྔ་བ་ཁུལ་གྱི་འཛམ་ཐང་རྫོང་། མཛོད་དགེ་རྫོང་། རྐ་ཁོག་རྫོང་། རྔ་བ་རྫོང་། ཆུ་ཆེན་རྫོང་། ཁྲོ་ཆུ་རྫོང་བཅས་དང་། དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་། གསེར་རྟ་རྫོང་། ལི་ཐང་རྫོང་། སྡེ་དགེ་རྫོང་། དཀར་མཛེས་རྫོང་། ཉག་རོང་རྫོང་། དཔལ་ཡུལ་རྫོང་། བྲག་འགོ་རྫོང་། རྟའུ་རྫོང་། ལེའང་ཧྲན་ཁུལ་གྱི་མེ་ཀུའུ་རྫོང་། པུའུ་ཐའོ་རྫོང་། ཅིན་དབྱང་རྫོང་། ཧྲའོ་ཅེའོ་རྫོང་། ཞི་ཏེ་རྫོང་། ཕུའུ་ཀུ་རྫོང་། ཡུའེ་ཞི་རྫོང་། ཀན་ལོ་རྫོང་། ཡན་ཡོན་རྫོང་། ལའེ་པའོ་རྫོང་བཅས་ཡིན།

ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང25ནི། ཀོང་ཡོན་གྲོང་ཁྱེར་གྱི་ཅན་ཀི་རྫོང་། ཝང་ཚང་རྫོང་། ལེ་ཧྲན་གྲོང་ཁྱེར་གྱི་མ་པེན་རྫོང་། ཨོའུ་པེན་རྫོང་། ཅིན་ཁུ་ཧི་ཆུས། ཏ་ཀྲོའུ་གྲོང་ཁྱེར་ཝན་ཡོན་གྲོང་ཁྱེར། པ་ཀྲུང་གྲོང་ཁྱེར་གྱི་ཐུང་ཅང་རྫོང་། ཕིན་ཁྲང་རྫོང་། རྔ་བ་ཁུལ་བཙན་ལྷ་རྫོང་། ཟུང་ཆུ་རྫོང་། ལི་རྫོང་། གཟི་རྩ་སྡེ་དགུ་རྫོང་། མའོ་རྫོང་། འབར་ཁམས་གྲོང་ཁྱེར། ཝུན་ཁྲོན་རྫོང་། དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་། སྡེ་རོང་རྫོང་། འབའ་ཐང་རྫོང་། རོང་བྲག་རྫོང་། ཕྱག་ཕྲེང་རྫོང་། འདབ་པ་རྫོང་། བརྒྱད་ཟིལ་རྫོང་། དར་རྩེ་མདོ་གྲོང་ཁྱེར། ལྕགས་ཟམ་རྫོང་། ལེའང་ཧྲན་ཁུལ་མུ་ལེ་རྫོང་བཅས་ཡིན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།