མི་རིགས་ས་ཁུལ་གྱི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན། སྤུས་ལེགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

སི་ཁྲོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལོ་བཅུའི་འགུལ་སྐྱོད་འཆར་གཞི(2021—2030ལོ)》དཔར་འགྲེམ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སི་ཁྲོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལོ་བཅུའི་འགུལ་སྐྱོད་འཆར་གཞི(2021—2030ལོ)》དཔར་འགྲེམ་བྱས་པ་མ་ཟད་བརྡ་སྦྱོར་བཏང་སྟེ། ས་གནས་དང་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།

《འགུལ་སྐྱོད་འཆར་གཞིའི》ཁྲོད་ཕྱོགས་ཡོངས་ནས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་མི་རིགས་ས་ཁུལ་གྱི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན། སྤུས་ལེགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་ནས་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་བཀོད་ཀྱི་ཆེད་དུ་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

《འགུལ་སྐྱོད་འཆར་གཞིའི》ཁྲོད2030ལོར་སླེབས་སྐབས་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་མཉམ་དུ་གཏོང་རྒྱུ་དང་། དམངས་ཡོངས་ཀྱི་མི་ཚེ་ཧྲིལ་བོར་སློབ་སྦྱོང་བྱེད་པར་ཞབས་འདེགས་ཞུ་བའི་དེང་རབས་ཀྱི་སློབ་གསོའི་མ་ལག་ཅིག་ཕལ་ཆེར་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ། རྫོང་ཁོངས་གི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ཕལ་ཆེར་མངོན་འགྱུར་བྱ་རྒྱུ། སློབ་སྔོན་སློབ་གསོ་དང་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་རྒྱུ། སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཞིང་ཆེན་གྱི་ཚད་གཞིར་སླེབས་དགོས། དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་གཞོན་ནུར་སྔར་ལས་འཚམ་པའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོ་དུས་གཅིག་ཏུ་མཐུན་སྦྱོར་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསར་འཕར་ངལ་རྩོལ་ནུས་ཤུགས་མང་ཆེ་བས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་དང་ལེན་བྱེད་པ། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱེད་ཐུབ་པ། མི་རིགས་ས་ཁུལ་དང་ལྷག་པར་དུ་རོང་འབྲོག་ཁུལ་གྱི་སློབ་མས་མཐོ་རིམ་སློབ་གསོ་སྤུས་ལེགས་དང་ལེན་བྱེད་པའི་གོ་སྐབས་སྔར་ལས་མང་པོ་ཡོད་དགོས་པ་བཅས་བཏོན་ཡོད། 

《འགུལ་སྐྱོད་འཆར་གཞིའི》ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱོལ་འགོག་སློབ་སྲུང་དང་སློབ་ཞུགས་འགན་སྲུང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བཅའ་སྡོད་ལམ་ལུགས་ཀྱི་གཞི་ཁྱོན་ལྡན་པའི་སློབ་གཉེར་ལ་སྐུལ་འདེད་གཏོང་བ། ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། སློབ་གསོའི་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ་སོགས་གཙོ་གནད་ལས་འགན་ཁག་དགུ་གསལ་བོར་བསྟན་ཡོད། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། དངུལ་གཏོང་འགན་སྲུང་ལ་ཤུགས་སྣོན་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ནས《འགུལ་སྐྱོད་འཆར་གཞི》ལག་བསྟར་བྱེད་པར་འགན་སྲུང་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།