འབར་ཁམས་དམ་པོ་གྲོང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་བ།

2.jpg

འདི་ནི་རྟེན་གཞི་རུ་ཡུར་མ་ཡུར་བཞིན་པའི་ཞིང་བ་ཚོ་རེད།

3.jpg

འདི་ནི་ཞིང་བ་ཚོས་འབྲི་ཏ་ས་འཛིན་བཏོག་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས7ཉིན་རྔ་བ་ཁུལ་འབར་ཁམས་རྫོང་རྫོང་འགག་གྲོང་རྡལ་དམ་པོ་གྲོང་ཚོའི་སྡེ་མི་རྣམས་སྔོ་ཚལ་རྟེན་གཞི་རུ་ལས་ལ་བྲེལ་བཞིན་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་། དམ་པོ་གྲོང་ཚོ་ཡིས་སྔོ་ཚལ་དྲོད་ཁང་ཆེན་མོའི་འདེབས་འཛུགས་དང་། སྦྲང་མ་གསོ་བ། ཤ་བསྙལ་མའི་ཐོན་སྐྱེད་རྟེན་གཞི་འཛུགས་པ།་དང་ ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་བརྟེན་ནས་རིམ་བཞིན་གྲོང་ཚོའི་ཐུན་མོང་གི་དཔལ་འབྱོར་ལ་འཕེལ་རྒྱས་ཡག་པོ་བྱུང་བ་རེད། མིག་སྔའི་བར་གྲོང་ཚོ་དེའི་འཁོར་རྒྱུག་ས་ཞིང་མུའུ350སྔོ་ཚལ་རྟེན་གཞི་རུ་གྱུར་ཏེ་སྡེ་མི་ཚོས་རྟེན་གཞི་རུ་ལས་ཀར་ཞུགས་ཏེ་ཉིན་རེའི་ཡོང་འབབ་སྒོར100ཙམ་ལ་སླེབས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  2020ལོར་དམ་པོ་གྲོང་ཚོས་སྔོ་ཚལ་རྒྱ་མ་ཁྲི200ཐོན་སྐྱེད་བྱས་པ་དང་སྡེ་མིའི་ལས་ཞུགས་ཡོང་འབབ་སྒོར་ཁྲི32ཟིན། བོད་ཕག་མུ་འབྲེལ་ཐོན་རྫས་ཕྱིར་འཚོང་གྲངས་འབོར་སྒོར་ཁྲི80ཟིན་པ་དང་། སྦྲང་མ་སྒམ200གསོས་པ་སོགས་ཀྱིས་གྲོང་ཚོའི་ཐུན་མོང་གི་དཔལ་འབྱོར་ཡོང་འབབ་བསྡོམས་པས་སྒོར45ཟིན་ཏེ་ཞིང་དུད་རེར་སྒོར10000གི་འབབ་འཕར་མངོན་འགྱུར་བྱུང་བ་རེད། །  

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།