ཁྲོ་ཆུ་རྫོང་གློ་འབག་ཤང་གིས་བརྫོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།

2.jpg

3.jpg

4.jpg

པར་འདི་དག་ནི་བྱ་འགུལ་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་གློ་འབག་ཤང་གིས་ཤང་ལས་ཁུངས་ཀྱི་ཏང་ཡོན་དང་བླངས་ཞབས་ཞུ་པ་དང་། ལས་དོན་མི་སྣ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་བཅས་མི20ཙམ་རྩ་འཛུགས་བྱས་ཏེ་ཀྭ་སུའུ་གྲོང་ཚོར་ཕྱིན་ནས“ཏང་ཡོན་མཉམ་སྐྱོད་དང་དང་བླངས་ཞབས་ཞུ་མཉམ་སྐྱོད”ཅེས་པའི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད། བྱ་འགུལ་ཁྲོད་དང་བླངས་རུ་ཁག་ཆུང་བས་སྡེ་མི་ཚོ་དང་མཉམ་དུ་ཏང་གི་སློབ་ཁྲིད་ལ་ཞུགས་པ་མ་ཟད། ཞིང་ཁར་ཕྱིན་ནས་སྡེ་མི་ཚོ་དང་མཉམ་དུ་ཡུར་མ་ཡུར་བ་དང་། གཡེར་མ་དང་ཚོད་མ་བཏོག་པའི་ལས་ཀར་ཞུགས།

ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ལོ་རྒྱུས་སློབ་གསོ་སྤེལ་བའི་ཚུན། ཁྲོ་ཆུ་རྫོང་གི་གྲོང་རྡལ་སོ་སོས་དུས་དང་རྣམ་པ་ཀུན་ཏུ“ང་ཡིས་མང་ཚོགས་ཆེད་དུ་དོན་དངོས་སྒྲུབ”ཅེས་པ་ལག་ལེན་བྱེད་པ་དེ་ཏང་གི་ལོ་རྒྱུས་སློབ་གསོའི་ནང་དོན་གལ་ཆེན་དུ་བཟུང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། ཏང་གི་ལོ་རྒྱུས་སློབ་གསོ་གཏིང་ཟབ་ཏུ་འགྲོ་བའི་ཐད་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།