ལུའོ་ཀྲེན་ཧྭས་བཙན་ལྷ་དང་ཝུན་ཁྲོན། འབར་ཁམས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་མཛུབ་སྟོན་དང་ཡུལ་དངོས་ལས་བྱེད་པར་འཚམ་འདྲིའི་སྐབས་ནན་གྱིས་བསྟན་དོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ་ཆོས་རྒྱས།)རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་མངགས་བཅོལ་ལྟར། ཟླ8པའི་ཚེས2ཉིན་ནས་ཚེས4ཉིན་གྱི་རིང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་ཁུལ་ཨུ་དང་། ཁུལ་སྲིད་གཞུང་གི་ཚབ་མཛད་ནས་བཙན་ལྷ་རྫོང་དང་། ཝུན་ཁྲོན་རྫོང་། འབར་ཁམས་གྲོང་ཁྱེར་སོགས་སུ་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡུལ་དངོས་ལས་བྱེད་པར་འཚམ་འདྲི་གནང་བ་མ་ཟད། ཁོང་ཚོ་བརྒྱུད་དེ་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡུལ་དངོས་ལས་བྱེད་པར་སྙིང་ཐག་པ་ནས་འཚམ་འདྲི་དང་བཀའ་དྲིན་ཞུས།

ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཐད་བཏོན་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སློང་སྦྱོང་ཟབ་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གི་བཀོད་སྒྲིག་རེ་འདུན་ལག་ཏུ་བསྟར་ནས། སྣང་ཡངས་དང་ལྷོད་གཡེང་མི་བྱེད་པར། ཐབས་ཇུས་གནད་ལ་འཁེལ་བའི་སྒོ་ནས་ཕྱི་ནད་ནང་འཛུལ་འགོག་པའི་ལྕགས་རི་ནན་གྱིས་སྲུང་བ་དང་། ཁོངས་ཡོངས་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་དམ་པོ་བསྐྲུན་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ནན་གྱིས་སྲུང་དགོས།

ཁུལ་དཔོན་གཞོན་པ་ཝང་ཧྲུའུ་མིང་དང་ཡི་དམ་འཚོ་གཉིས་ཀྱིས་སོ་སོར་རྟོག་ཞིབ་ཏུ་ཕེབས་རོགས་བྱས།

ལུའོ་ཀྲེན་ཧྭས་མི་དགོས་པ་བཞི་དང་ཐད་ཀར་གཉིས་སྟེ། བརྡ་ཐོ་མི་སྐུར་བ་དང་། བརྡ་མི་གཏོང་བ། སྙན་ཞུར་མི་ཉན་པ། ཕེབས་རོགས་མི་དགོས་པ། ཐད་ཀར་གཞི་རིམ་ལ་སྐྱོད་པ། ཐད་ཀར་ཡུལ་དངོས་ལ་སྐྱོད་པ་བཅས་ཀྱི་རྣམ་པའི་སྒོ་ནས་སྔ་རྗེས་སུ་སྐུ་བླ་རི་བོ་གྲོང་རྡལ་འཕྲོད་བསྟེན་ཁང་དང་། ཧྲོང་ཆའོ་ལུང་པའི་ལྗོངས་སྐོར་ལྟེ་གནས། ཝུན་ཁྲོན་རྫོང་ཡིང་ཞོའུ་གྲོང་རྡལ་ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་གྱི་འབབ་ཚིགས། ཞོན་ཁུའུ་སློབ་འབྲིང་གི་གནས་ཤུལ། འབར་ཁམས་གྲོང་ཁྱེར་གྲོང་ཁྱེར་སྨན་ཁང་། ཁུལ་རིམས་འགོག་ལྟེ་གནས། ཁུལ་མི་དམངས་སྨན་ཁང་སོགས་སུ་ཕེབས་ཏེ་སྨན་བཅོས་སྡེ་ཁག་དང་། རིམས་འགོག་འགོག་ཚིགས། རིག་ལྗོངས་འདུ་ར་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་བསྟར་གནས་ཚུལ་ལ་གློ་བུར་རྟོག་ཞིབ་མཛུབ་སྟོན་གནང་ཞིང་། ཡུལ་དངོས་ནས་གནད་དོན་ཐེར་འདོན་དང་བསྒྱུར་བཅོས་ལག་བསྟར་ལ་མཛུབ་སྟོན་ནན་མོ་གནང་།

ཚང་མས་དཀའ་ལས་མྱངས་སོང་། ལས་དོན་ལེགས་པར་སྒྲུབ་ཞོར་རང་ཉིད་ཀྱི་འགོག་སྲུང་ལ་ཤིན་ཏུ་གཟབ་དགོས་ཞེས་གསུངས། སྐུ་བླ་རི་བོ་གྲོང་རྡལ་འཕྲོད་བསྟེན་ཁང་དང་། ཁུལ་རིམས་འགོག་ལྟེ་གནས། ཁུལ་མི་དམངས་སྨན་ཁང་བཅས་སུ་ལུའོ་ཀྲེན་ཧྭས་ཡུལ་དངོས་ནས་གཏན་འཁེལ་བསྡུ་བཅོས་སྨན་ཁང་གི་སྔོན་བཤེར་ལོགས་བཅོས་དང་། ལོགས་བཀར་ལྟ་ཞིབ་ཁང་། ཚ་བའི་སྒོ་བསྟེན། ལོགས་བཀར་ནད་ཁུལ་བཀོད་སྒྲིག སྨན་བཅོས་མི་སྣའི་གྲ་སྒྲིག འགོག་སྲུང་དངོས་རྫས་ཀྱི་འགན་སྲུང་སོགས་འགོག་སྲུང་ཐབས་ལམ་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལག་བསྟར་གནས་ཚུལ་སྙན་ཞུར་གསན། ཁོང་གིས་འཕྲོད་བསྟེན་སྡེ་ཁག་གིས་གཟབ་ནན་གྱི་སྒོ་ནས་ནང་འཛུལ་བགྲོད་ལམ་ལ་དོ་དམ་ནན་མོ་བྱས་ཤིང་། བདེ་ཐང་བཤེར་རིས་དང་བཞུད་ལམ་བཤེར་རིས་ལ་ཞིབ་བཤེར་ནན་མོ་བྱས་ཏེ་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་བསྟན།

ཁོང་གིས་ནན་གྱིས་བསྟན་དོན། མཉམ་འདུས་ལོགས་བཀར་ཁང་གི་དོ་དམ་ལ་ཤུགས་སྣོན་དགོས། ཁུལ་གསུམ་དང་བགྲོད་ལམ་གཉིས། མི་གཅིག་ཁང་གཅིག་འཕྲོད་བསྟེན་གཅིག་གི་རེ་འདུན་ལག་བསྟར་ནན་མོ་བྱས་ཏེ། འགོས་ནད་ནད་པའི་ངོས་འཛིན་དང་། མྱུར་སྐྱོབ། སྨན་བཅོས་ཀྱི་གོ་རིམ་ཡོངས་སུ་བཀག་སྡོམ་དོ་དམ་གྱི་རེ་འདུན་ལག་ཏུ་བསྟར་ནས། ཚ་བའི་སྒོ་བསྟེན་གྱིCTཁང་གཅིག་པུར་བེད་སྤྱོད་དང་དུག་སེལ་ལེགས་པོ་བྱས་ཏེ། སྨན་ཁང་ནང་ཁུལ་གྱི་འགོས་མཆེད་ལ་ཤིན་ཏུ་གཟབ་དགོས།

སྐུ་བླ་རི་བོ་གྲོང་རྡལ་རིམས་འགོག་འགོག་ཚིགས་དང་ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་ཡིང་ཞོའུ་འབབ་ཚིགས། ཝུན་ཁྲོན་འབབ་ཚིགས་ཀྱི་འགོག་ཚིགས་སུ། ལས་བྱེད་མི་སྣས་འགྲོ་འོང་རླངས་འཁོར་ཀུན་ལ་གཟབ་ནན་གྱིས་བདེ་འཇགས་བཤེར་རིས་དང་བཞུད་ལམ་བཤེར་རིས་སོགས་ཀྱི་བརྡ་འཕྲིན་ལ་ཞིབ་བཤེར་བྱེད་ཀྱི་ཡོད། ལུའོ་ཀྲེན་ཧྭས་འགྲོ་འོང་རླངས་འཁོར་དང་འགྲོ་འོང་མི་སྣའི་བརྟག་ཞིབ་དང་ཐོ་འགོད་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་ཤིང་རིམས་འགོག་ལས་དོན་གོ་རིམ་ལ་རྒྱུས་ལོན་ཞིབ་མོ་གནང་། ཡུལ་དངོས་ཀྱི་རིམས་འགོག་ལས་བྱེད་པ་ཡོངས་ལ་འཚམ་འདྲི་དང་བཀའ་དྲིན་ཞུས་པ་མ་ཟད། སྔོན་འགོག་ཚོད་འཛིན་ཐབས་ལམ་ལེགས་པར་སྤྱད་དེ་ཚ་བ་འགོག་པར་གཟབ་དགོས་པའི་སློབ་སྟོན་གནང་།

ཁོང་གིས་བསྟན་དོན། འགྲིམ་འགྲུལ་ལམ་ཐིག་གཙོ་བོའི་རིམས་འགོག་འགོག་ཚིགས་ནི་ཕྱི་ནད་ནང་འཛུལ་འགོག་པའི་འགག་སྒོ་དང་པོ་ཡིན་ལ། ཀུན་གྱིས་དཀའ་ཚེགས་ལ་མི་འཛེམ་པའི་སྙིང་སྟོབས་རབ་ཏུ་བསྐྱེད་དེ། ཕྱི་ནད་ནང་འཛུལ་གྱི་འགག་སྒོ་ནན་གྱིས་བསྲུངས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་བ་དམ་པོ་བཟོ་དགོས།

བཙན་ལྷ་རྫོང་ཧྲོང་ཆའོ་ལུང་པའི་ལྗོངས་སྐོར་ལྟེ་གནས་དང་ཝུན་ཁྲོན་རྫོང་ཡིང་ཞོའུ་གྲོང་རྡལ་ཞོན་ཁུའུ་སློབ་འབྲིང་གི་གནས་ཤུལ་དུ་ལུའོ་ཀྲེན་ཧྭ་ལྗོངས་ཁུལ་སྒོ་ཆེན་དུ་ཕེབས་ནས་ལྗོངས་ཁུལ་གྱི་འཛིན་བྱང་སྔོན་མངགས་ཞིབ་བཤེར་དང་། དྲོད་བརྟག་ཐོ་འགོད། འགྲོ་འོང་དོ་དམ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཡུལ་དངོས་ནས་ཞིབ་བཤེར་གནང་ཞིང་། ཁོང་གིས་བསྟན་དོན། ལྗོངས་ཁུལ་གྱི་རིམས་ནད་ སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཙོ་འགན་ལག་ཏུ་བསྟར་ནས། འཕྲལ་དོན་ཐག་གཅོད་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། རིམས་ནད་ སྔོན་འགོག་ཚོད་འཛིན་གྱི་འཕྲལ་དོན་ཐབས་ལམ་དང་ཐག་གཅོད་གོ་རིམ་ཞིབ་ཚགས་སུ་གཏོང་དགོས།

ཕྱོགས་ཡོངས་ནས་མང་པོ་གསུམ་དང་ཡོད་པ་གཉིས་སྟེ། ཡུལ་དངོས་ཞབས་ཞུའི་མི་སྣ་མང་པོ་དགོས་པ་དང་། བརྟག་ཞིབ་ས་ཚིགས་མང་པོ་དགོས་པ། ནང་འཛུལ་བགྲོད་ལམ་མང་པོ་དགོས་པ། ལྗོངས་རྒྱུ་བར་ཁག་བགོས་གནས་ཡུལ་ཡོད་པ། འཕྲལ་དོན་ལོགས་བཀར་ཁང་བ་ཡོད་པ་བཅས་ཀྱི་ཐབས་ལམ་ལག་ཏུ་བསྟར་ནས། མང་སྤུངས་འགོས་མཆེད་ཀྱི་གནས་ཚུལ་བྱུང་བར་ནན་གྱིས་འགོག་དགོས།

ལྗོངས་སྐོར་ལམ་ཐིག་ལེགས་པར་བཟོས་ཏེ། འདུ་འཛོམས་སླ་བའི་ས་ཁུལ་དུ་བར་ཐག་ངེས་ཅན་འཇོག་དགོས་པར་སྐུལ་ཁྲིད་བྱས་ཏེ། འདུ་འཛོམས་འཚང་རྒྱག་དང་དུས་ཡུན་རིང་པོར་འཛོམས་པར་གཡོལ་ཐབས་བྱ་དགོས། ལྗོངས་རྒྱུ་བའི་བར་ཐག་སྨི་གཅིག་དང་། བཤེར་རིས་བཤེར་སྟོན་དང་། ལུས་དྲོད་བརྟག་ཞིབ། ལམ་ཧྲིལ་བོར་ཁ་ཐུམ་རྒྱག་པ་སོགས་ཀྱི་ཐབས་ལམ་ལག་ཏུ་བསྟར་ཞིང་། ཆབ་ཁང་དང་སྒོ་འཇུ། འདུག་སྟེགས་སོགས་གནད་འགག་དངོས་རྫས་ལ་དུག་སེལ་ཐེངས་མང་བྱ་བ་དང་། ཚད་ལྡན་གྱི་དུག་སེལ་ཐོན་རྫས་བེད་སྤྱོད་ཡང་དག་བྱ་དགོས། ཡུལ་དངོས་ལས་བྱེད་པའི་བདེ་ཐང་བརྟག་ཞིབ་ལ་ཤུགས་སྣོན་པ་དང་། ཉིང་སྐྱུར་བརྟག་ཞིབ་ཐེངས་གྲངས་ཇེ་མང་དུ་བཏང་ཞིང་། མི་སྒེར་གྱི་ སྔོན་འགོག་ཚོད་འཛིན་སྒྲིག་ཆས་ཇེ་ལེགས་སུ་བཏང་ནས། ལས་གནས་སུ་ལས་ཀ་ནན་གྱིས་སྒྲུབ་དགོས། ལྗོངས་ཁུལ་གྱི་རིམས་ནད་འགོག་སྲུང་ཐབས་ལམ་ལག་བསྟར་གནས་ཚུལ་གྱི་རྟོག་ཞིབ་ཞིབ་བཤེར་ལ་ཤུགས་བསྣན་ཏེ། གནད་དོན་བསྒྱུར་བཅོས་ལ་རྟོག་ཞིབ་སྐུལ་འདེད་་བགྱིས་ཏེ། ཞན་ཆ་དང་མི་འདང་སར་ཁ་གསབ་བྱ་དགོས།

ཁུལ་སྲིད་གཞུང་གི་དྲུང་ཆེན་ཡུས་ཀོང་ཡ་དང་། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངསས་ཀྱི་འགན་འཁུར་བས་རྟོག་ཞིབ་ཏུ་ཕེབས་རོགས་བྱས།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།